མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་རང་རྒྱལ་གྱིས་ཉིང་རྡུལ་བཟོ་ལས་གསར་དུ་བསྐྲུན་ནས་ལོ་ངོ་60
འཁོར་བར་མཛུབ་སྟོན་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་16ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

རང་རྒྱལ་གྱིས་ཉིང་རྡུལ་བཟོ་ལས་གསར་དུ་བསྐྲུན་ནས་ལོ་ངོ་60འཁོར་བའི་དུས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རང་རྒྱལ་གྱི་ཉིང་རྡུལ་བཟོ་ལས་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་བ་དང་། གནས་བབ་གསར་པའི་འོག་རང་རྒྱལ་གྱི་ཉིང་རྡུལ་བཟོ་ལས་འཕེལ་རྒྱས་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་བ་རེད།
     ཞིས་ཅིན་ཕིང་གིས་ལོ་ངོ་60རིང་ལ་ཉིང་རྡུལ་བཟོ་ལས་ཀྱི་མི་རབས་དུ་མས་དཀའ་སྤྱད་ལས་སྐྲུན་དང་གསར་གཏོད་སྲོལ་འབྱེད་བྱས་ཏེ་རང་རྒྱལ་གྱི་ཉིང་རྡུལ་བཟོ་ལས་འདི་ཉིད་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་བདེ་འཇགས་ཡོང་བ་དང་དཔལ་འབྱོར་འཛུགས་སྐྲུན་ལ་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པ་རེད། ཉིང་རྡུལ་བཟོ་ལས་ནི་ཚན་རིག་མཐོ་བའི་འཐབ་ཇུས་ཀྱི་ཐོན་ལས་དང་། རྒྱལ་ཁབ་བདེ་འཇགས་ཡོང་བའི་རྨང་རྡོ་གལ་ཆེན་ཡིན་པས། བདེ་འཇགས་ངང་འཕེལ་རྒྱས་གཏོང་བ་དང་གསར་གཏོད་བྱེད་པའི་སྒོ་ནས་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་དང་། ཞི་བདེའི་ངང་ཉིང་རྡུལ་གྱི་ནུས་པ་བཀོལ་སྤྱོད་བྱེད་པ་མཐའ་འཁྱོངས་བྱས་ནས་ཉིང་རྡུལ་བཟོ་ལས་ཀྱི་རྐང་འཛིན་འགྲན་རྩོད་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་པ་དང་། རང་རྒྱལ་གྱི་ཉིང་རྡུལ་བཟོ་ལས་ཀྱི་འོད་སྟོང་འབར་བའི་ལེ་ཚན་གསར་པ་མུ་མཐུད་འབྲི་དགོས་ཞེས་བསྟན་གནང་བ་རེད། 
      ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གནང་སྟེ་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། ཉིང་རྡུལ་བཟོ་ལས་ཀྱི་མདུན་སར་སེམས་ཤུགས་གཅིག་ཏུ་བསྒྲིམས་ནས་ཉིང་རྡུལ་བཟོ་ལས་ཀྱི་འགྲན་རྩོད་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་བཏང་ནས་ཉིང་རྡུལ་གློག་ཤུགས་སྒྲིག་ཆས་“ཕྱིར་སྐྱོད་པར་”སྐུལ་འདེད་བཏང་སྟེ་ཉིང་རྡུལ་བདེ་འཇགས་ཡོང་བར་འཕྱུགས་པ་གཏན་ནས་མེད་པར་འགན་ལེན་ཏན་ཏིག་བྱས་ཐོག་རང་རྒྱལ་ཉིང་རྡུལ་བཟོ་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་ཞིག་འཛུགས་སྐྲུན་བྱེད་ཕྱིར་འབད་འཐབ་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས་ཞེས་བསྟན་གནང་བ་རེད།