འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཀྲུང་གོའི་སྲིད་གཞུང་གིས་རྒྱལ་ཁབ་གང་ཞིག་གིས་ཀྱང་ཤང་ཀང་གི་ལས་དོན་
    ལ་ཐེ་ཇུས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བསྟན།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་05ཉིན། 08:50】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཨ་རིའི་རྒྱལ་དོན་སྲིད་བློན་གྱི་ལས་རོགས་པ་ལཱ་སེའར་ཡིས་མིག་སྔའི་ཤང་ཀང་གི་གནས་ཚུལ་དེ་ནི་ཕྱི་རོལ་གྱི་སྟོབས་ཤུགས་ཀྱིས་ངན་ཇུས་བྱས་པ་ཞིག་མིན་ཞེས་བཤད་པའི་ཐད། ཚེས་4ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡང་གིས་ཤང་ཀང་གི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཤ་སྟག་ཡིན་པས། ཀྲུང་གོའི་སྲིད་གཞུང་གིས་རྒྱལ་ཁབ་གང་ཞིག་གིས་ཀྱང་ཤང་ཀང་གི་ལས་དོན་ལ་ཐེ་ཇུས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། ཤང་ཀང་བརྟན་ལྷིང་དང་འཕེལ་རྒྱས་བྱུང་རྒྱུ་དེ་ཀྲུང་གོའི་ཁེ་ཕན་དང་མཐུན་པ་མ་ཟད། འབྲེལ་ཡོད་རྒྱལ་ཁབ་ཁག་གི་ཁེ་ཕན་དང་ཡང་མཐུན་པའི་རྐྱེན་གྱིས་འབྲེལ་ཡོད་རྒྱལ་ཁབ་རྣམས་ཁ་བཤད་དོན་ལ་གནས་ཏེ་ཤང་ཀང་གི་བརྟན་ལྷིང་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལས་དོན་བསྒྲུབ་རྒྱུར་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན།
      

    ཕྱོགས་བསྡུས་གསར་འགྱུར།