འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅༎ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མིང་ཐོའི་གྱང་ངོས་སྟེང་
    མི་༨༧གསར་དུ་བསྣན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་04ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། གསར་འགོད་པསསྤྱི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་དམག་གི་ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་ནས་ཤེས་རྟོགས་བྱུང་བར། ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་མིང་ཐོའི་གྱང་ངོས་སྟེང་མི་༨༧གསར་དུ་བསྣན་ཡོད། མིག་སྔའི་བར་སླེབས་དུས་མིང་ཐོའི་གྱང་ངོས་ཐོག་ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་ཆིག་ཁྲི་སྟོང་མེད་ལྔ་བརྒྱ་བཅུ་མེད་ལྔའི་མིང་བྲིས་ཡོད་པ་རེད།
          ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་གི་ལྷོ་ངོས་སུ་གནས་པའི་རྐྱེན་ལམ་དུ་ཤོར་མཁན་གྱི་མིང་ཐོའི་གྱང་དེར་ངུ་འབོད་གྱང་ཞེས་འབོད་ཀྱི་ཡོད་ཅིང་། དེ་ནི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེ། ཤར་ལྷོ་སློབ་གྲྭ་ཆེན་མོའི་འཛུགས་སྐྲུན་ཇུས་འགོད་ཞིབ་འཇུག་ཁང་གི་འགོ་འཛིན། དགེ་རྒན་ཆེན་མོ་བ་ཆི་ཁང་གིས་ཇུས་འགོད་གནང་བ་ཞིག་ཡིན་པ་དང་། གྱང་སྟེང་དུ་ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་མིང་ཐོ་བྲིས་ཡོད་པ་རེད།
          ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་དམག་གིས་ནན་ཅིང་དམར་གསོད་ཆེན་པོ་བྱས་པའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་གི་འགོ་འཛིན་ཀྲུའུ་ཁྲེང་ཧྲན་གྱིས་ན་ལམ་དུ་ཤོར་མཁན་གྱི་མིང་ཐོ་བསྡུ་རུབ་བྱ་རྒྱུ་ནི་ནན་ཅིང་དམར་གསོད་ཆེན་པོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་བརྗོད་གཞི་གལ་ཆེན་ཞིག་ཡིན། དུས་ཡུན་རིང་པོ་སོང་བ་དང་དམག་འཁྲུག་གི་ཟིང་ཆ་སོགས་རྒྱུ་རྐྱེན་མང་པོའི་དབང་གིས་ལས་དོན་དེ་དཀའ་ངལ་ཆེ་ཙམ་ཡོད། མིག་སྔར་བསྡུ་རུབ་ཐུབ་པའི་རྐྱེན་ལམ་དུ་ཤོར་བའི་རུས་མིང་ཆིག་ཁྲི་ལྷག་ཙམ་དེ་དག་དམག་འཁྲུག་རྗེས་ཀྱི་དང་ཐོག་མའི་ནན་ཅིང་གྲོང་ཁྱེར་འཇར་འགོག་དམག་འཁྲུག་གི་གྱོང་གུན་བརྟག་དཔྱད་ཨུ་ཡོན་ལྷན་ཁང་དང་། ནན་ཅིང་དམར་གསོད་ཆེན་པོའི་གྱོད་གཞིའི་དགྲ་བོའི་སྡིག་ཉེས་བརྟག་དཔྱད་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་བྱས་པ་དང་། དེ་བཞིན་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་དུས་སྐབས་ཁག་གི་སྲོག་ཉེན་ལས་ཐར་མཁན་གྱིས་དཔང་རྟགས་མཁོ་འདོན་དང་དཔེ་སྐྲུན་བྱས་པའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་སྣ་ཚོགས། རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་བཅས་ཀྱིས་མཁོ་འདོན་བྱས་པ་ཞིག་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།