འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་བའི་གོ་ལར་འཕུར་སྐྱོད་བརྟག་ཞིབ་བྱེད་པའི་ལས་འགན་དམིགས་འབེན་ལེགས་གྲུབ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་04ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་༡༢ཚེས་༢ཉིན་རྒྱལ་ཁབ་ཚན་རྩལ་ཅུས་ཀྱིས་ཚན་ཞིབ་མི་སྣས་ཟླ་བའི་གོ་ལར་བརྟག་ཞིབ་བྱེད་ཐེངས་གསུམ་པ་ཡིན་པའི་བསྐྱར་དུ་སྤོ་འགྱུར་འཁོར་ལམ་དུ་འཛུལ་ཏེ་ཕྱིར་ལོག་བྱེད་པའི་ཚོད་ལྟའི་ལས་འགན་ཐད་ཐོབ་པའི་གྲངས་གཞིར་ཐོག་མའི་དབྱེ་ཞིབ་བྱས་པ་བརྒྱུད་ཚོད་ལྟའི་ལས་འགན་དེས་འཕུར་སྐྱོད་ཡོད་ཚད་ཀྱི་དམིགས་འབེན་གྲུབ་པ་དང་མྱུར་བགྲོད་ཕྱེད་མདེལ་ལམ་མཆོང་བརྒལ་གྱིས་བསྐྱར་དུ་སྤོ་འགྱུར་འཁོར་ལམ་ལ་འཛུལ་ཏེ་ཕྱིར་ལོག་བྱེད་པའི་ལག་རྩལ་ཁྱོན་ཡོངས་ནས་འགག་སྒྲོལ་དང་བྱང་ཆུབ་པ་བྱུང་བ་ཁྱབ་བསྒྲགས་བྱས་ཡོད་པ་རེད།
          ཟླ་བའི་གོ་ལར་བརྟག་ཞིབ་བྱེད་ཐེངས་གསུམ་པ་ཡིན་པའི་བསྐྱར་དུ་སྤོ་འགྱུར་འཁོར་ལམ་ལ་འཛུལ་ཏེ་ཕྱིར་ལོག་བྱེད་པའི་འཕུར་སྐྱོད་ཚོད་ལྟའི་འཕྲུལ་ཆས་དེ་སྤྱི་ཟླ་༡༠ཚེས་༢༤ཉིན་ཤིའི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས་ཏེ་བདེ་བླགས་ངང་ཟླ་བའི་གོ་ལའི་སྤོ་འགྱུར་འཁོར་ལམ་ཐོག་འཛུལ་ཡོད་པ་རེད། དེའི་ནང་ནས་ཕྱིར་ལོག་འཕྲུལ་ཆས་ནི་སྤྱི་ཟླ་༡༡ཚེས་༡ཉིན་བདེ་འཇགས་དང་གནད་ལ་འཕིགས་པའི་ངང་སྔོན་གཏན་འཁེལ་བའི་གནས་ལ་བབ་ཡོད་པས་ཚོད་ལྟ་ལེགས་འགྲུབ་བྱུང་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཟླ་བའི་གོ་ལར་བརྟག་ཞིབ་བྱེད་ཐེངས་གསུམ་པའི་བསྐྱར་དུ་སྤོ་འགྱུར་འཁོར་ལམ་དུ་འཛུལ་ཏེ་ཕྱིར་ལོག་བྱེད་པའི་འཕུར་སྐྱོད་ཚོད་ལྟ་བྱས་རྗེས་ཐེངས་་དང་པོ་མང་པོ་བཏོད་ཡོད་པ་སྟེ། མེ་ཤུགས་འཕུར་མདའ་གནད་ལ་འཁེལ་བའི་ངང་འཁོར་ལམ་ཐོག་འཛུལ་བྱེད་ཀྱི་ཚོད་ལྟའི་འཕྲུལ་ཆས་ཀྱིས་ཐེངས་དང་པོར་བར་ཐག་སྤྱི་ལེ་བརྒྱད་འབུམ་གྱི་ཟླ་བའི་གོ་ལ་ནས་བདེ་བླག་ངང་ཕྱིར་ལོག་བྱས་པ་དང་། ཐེངས་དང་པོར་ཕྱེད་མདེལ་ལམ་གྱིས་འཕུར་མཆོང་རང་བཞིན་ལྡན་པའི་ངང་བསྐྱར་དུ་སྤོ་འགྱུར་འཁོར་ལམ་དུ་འཛུལ་ནས་ས་གོ་ལར་ཕྱིར་ལོག་བྱས་པ། ཐེངས་དང་པོར་མྱུར་ཚད་མགྱོགས་པོའི་ངང་བསྐྱར་དུ་སྤོ་འགྱུར་འཁོར་ལམ་ཐོག་འཛུལ་སྐབས་ཚ་འགོག་ལག་རྩལ་ཐད་འགག་སྒྲོལ་བྱུང་བ། རང་རྒྱལ་གྱི་མཁའ་སྐྱོད་ལོ་རྒྱུས་ཐོག་ཐེངས་དང་པོར་རྒྱུ་ཆ་སྣ་ཚོགས་ཇུས་འགོད་བྱས་པའི་འཕུར་སྐྱོད་འཕྲུལ་ཆས་བེད་སྤྱོད་བྱས་པ། ཐེངས་འདིའི་འཕེན་གཏོང་ལས་འགན་སྒྲུབ་མཁན་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་ཐེངས་དང་པོར་རང་རྒྱལ་གྱི་མིག་སྔའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ཚད་འཇལ་ལག་རྩལ་རིམ་འཕར་དང་གསར་བརྗེ་བྱས་པ། ཚོད་ལྟའི་འཕྲུལ་ཆས་ཀྱི་ཞབས་ཞུའི་གྲུ་ཚང་གིས་ཐེངས་དང་པོར་གསར་གཏོད་ཚོད་ལྟ་བྱས་པ་སོགས་རེད།
      

    ཕྱོགས་བསྡུས་གསར་འགྱུར།