འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་ཁྲིམས་འཛིན་པུའུ་ཡིས་རྒྱལ་ཁབ་རྩ་ཁྲིམས་
    ཉིན་མོ་དང་པོར་མི་རིགས་ས་ཁུལ་ལ་བཅའ་ཁྲིམས་སྐོར་གྱི་དཔེ་ཆ་
    ཞལ་འདེབས་རྒྱག་པའི་མཛད་སྒོ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་04ཉིན། 16:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་ཁྲིམས་འཛིན་པུའུ་ཡིས་རྒྱལ་ཁབ་རྩ་ཁྲིམས་
ཉིན་མོ་དང་པོར་མི་རིགས་ས་ཁུལ་ལ་བཅའ་ཁྲིམས་སྐོར་གྱི་དཔེ་ཆ་
ཞལ་འདེབས་རྒྱག་པའི་མཛད་སྒོ།
         མི་དམངས་དྲ་བའི་འཕྲིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ།མི་རིགས་ས་ཁུལ་གྱི་བཅའ་ཁྲིམས་ཁྱབ་གདལ་ལས་ཀར་ཤུགས་སྣོན་རྒྱག་པ་དང་།མི་རིགས་ས་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་དང་ཞི་མཐུན་ཡོང་ཕྱིར།རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་ཁྲིམས་འཛིན་པུའུ་ཡིས་མི་རིགས་ས་ཁུལ་ལ་བཅའ་ཁྲིམས་སྐོར་གྱི་དཔེ་ཆ་ཞལ་འདེབས་རྒྱག་པའི་མཛད་སྒོ་རིམ་པར་སྤེལ་ནས།ཞིན་ཅང་དང་།བོད་ལྗོངས།མཚོ་སྔོན།ཀན་སུའུ།ཡུན་ནན།སི་ཁྲོན།ནང་སོགལིའོ་ཉིང་།ཅི་ལིན།ཧེ་ལུང་ཅང་།ཡན་པེན་སོགས་ས་ཁུལ་གྱི་མི་རིགས་ཁག་གི་ཀློག་པ་པོ་རྣམས་ལ་སོག་ཡིག་དང་།བོད་ཡིགཡུ་གུར་ཡིགཧ་སག་ཡིགཁྲའོ་ཞན་ཡིག་བཅས་དང་དེ་བཞིན་རྒྱ་ཡིག་གི་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་༽ཀྱིས་གཙོས་པའི་བཅའ་ཁྲིམས་སྐོར་གྱི་ཁྱབ་གདལ་ཀློག་དེབ་ཞལ་འདེབས་རྒྱག་རྒྱུ་རེད།
         རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་དང་པོར།དཔེ་ཆ་ཞལ་འདེབས་རྒྱག་པའི་མཛད་སྒོའི་དན་རྟགས་སུ་༼བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་དང་ཁྲིམས་སྐྱོང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་སྟེ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་ཀློག་པ་པོ་རྣམས་ལ་བཅའ་ཁྲིམས་སྐོར་གྱི་དཔེ་ཆ་ཞལ་འདེབས་རྒྱག་པའི་མཛད་སྒོ་༽ཞེས་པ་ཝུའུ་རུའུ་མུའུ་ཆི་རུ་བསྡུས་པ་རེད།ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་༡༤ནས་ཡོང་བའི་ཞལ་འདེབས་བྱ་ཡུལ་ལས་ཁུངས་ཀྱི་འཐུས་མི་ཚོས་དཔེ་ཆ་བདག་གིར་བཞེས།རེབ་འདིའི་དཔེ་ཆ་རྣམས་མི་རིགས་དཔེ་སྐྲུན་ཁང་དང་བཅའ་ཁྲིམས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་ཡིན་ཞིང་།དེ་དག་གི་ཁོངས་སུ་ཡུ་གུར་དང་ཧ་སག་དང་སོག་པོ་དང་རྒྱ་བཅས་ཡི་རིགས་བཞིའི་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་༽སོགས་བཅའ་ཁྲིམས་ཀྱི་དཔེ་ཆ་རིགས་240དང་ཁྱོན་ཚར་༥ཁྲི་༢སྟོང་ཡོད་པ་དང་།༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་༽ལས་གཞན་ད་དུང་བཅའ་ཁྲིམས་ཁེར་བསྒྲིགས་མ་དང་གྲངས་ཉུང་མི་རིགས་ཀྱི་ཀློག་པ་པོ་ཚོའི་འཚོ་བ་དང་ཉེ་བར་འབྲེལ་བའི་བཅའ་ཁྲིམས་ཁྱབ་གདལ་སྐོར་གྱི་ཀློག་དེབ་དཔེར་ན་༼མི་སེར་ལ་ཉེ་བར་མཁོ་བའི་བཅའ་ཁྲིམས་རྩ་འགྲེལ་༽དང་།༼རི་མོའི་ལམ་ནད་བཅའ་ཁྲིམས་སྦྱོང་བ་༽དང་༼མི་སེར་གྱི་ཁེ་དབང་སྐོར་གྱི་རྒྱུ་མཚན་འབུམ་༽སོགས་ཡོད།དཔེ་ཆ་དེ་དག་ལས་བཅའ་ཁྲིམས་ཀྱི་གོ་དོན་འགྲེལ་བཤད་བྱས་ཡོད་པས་མི་ཚད་ད་དུང་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ནང་དུ་ནམ་རྒྱུན་ཐུག་ཡོང་བའི་བཅའ་ཁྲིམས་སྐོར་གྱི་གནད་དོན་ཁག་དཔེའི་སྒོ་ནས་རྒྱས་པར་བཤད་ཡོད་པས།བཅའ་ཁྲིམས་བརྩི་སྲུང་དང་ཁེ་དབང་སྲུང་སྐྱོང་བྱེད་པར་ཕན་སྐྱེད་ཆེན་པོ་ཡོད་པ་རེད།
    【1】  【2】
      

    ཕྱོགས་བསྡུས་གསར་འགྱུར།