མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ནེའུ་ཙི་ལན་གྱི་རྒྱལ་ས་ཝེ་ལིང་ཐོན་གྲོང་ཁྱེར་དུ་ནེའུ་ཙི་ལན་གྱི་ཙུང་ལི་ཡའོ་ཧན་ཅི་དང་གྲོས་མོལ་གནང་ཞིང་། ཕྱོགས་གཉིས་ཀྱིས་ཀྲུང་ནེའུ་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྒྱུར་ཏེ་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སྤར་རྒྱུ་གཏན་འཁེལ་བྱས་པ་རེད།
གྲོས་མོལ་མཇུག་འགྲིལ་རྗེས། ཕྱོགས་གཉིས་ཀྱིས་༼ཀྲུང་གོ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པའི་མཉམ་འབྲེལ་གསལ་བསྒྲགས་༽ཁྱབ་བསྒྲགས་བྱས་པ་རེད།
![]() |