མི་དམངས་དྲ་བ།

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་རེའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་28ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་27ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་གཟའ་འཁོར་གཉིས་རེའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་“ཁེ་ལས་འབྲིང་ཆུང་ཕྲ་གསུམ་གྱིས་ལག་རྩལ་གསར་གཏོད་བྱེད་པར་རྒྱབ་སྐྱར་ཤུགས་ཆེན་བྱ་རྒྱུ་”ལ་དམིགས་ནས་གྲོས་མོལ་གྲོས་བསྡུར་དང་ཐབས་འདོན་ཇུས་འབུལ་བྱས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིས་ཡུས་ཀྲེང་ཧྲེང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
      ཨུ་ཡོན་རྣམ་པ་ཚོས་ཁེ་ལས་འབྲིང་ཆུང་ཕྲ་གསུམ་ནི་རང་རྒྱལ་དཔལ་འབྱོར་འཕར་སྣོན་འགྲོ་བར་སྐུལ་འདེད་གཏོང་བའི་ནུས་ཤུགས་གལ་ཆེན་ཞིག་ཡིན་ལ། ལག་རྩལ་གསར་གཏོད་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁེ་ལས་འབྲེང་ཆུང་ཕྲ་གསུམ་འཕེལ་རྒྱས་གཏོང་རྒྱུར་རྩིས་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། བྱ་ཐབས་སྣ་མང་ལག་ལེན་དུ་བསྟར་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཁེ་ལས་འབྲིང་ཆུང་ཕྲ་གསུམ་གྱིས་ལག་རྩལ་གསར་གཏོད་བྱེད་པར་བྱས་རྗེས་ཧ་ཅང་ཆེན་པོ་ཐོབ་ཡོད་ཀྱང་།ཁོ་ཚོའི་མདུན་དུ་ད་དུང་དཀའ་ངལ་ཡང་མང་པོ་ལྷགས་ཡོད་པས། རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས་ཁེ་ལས་འབྲིང་ཆུང་ཕྲ་གསུམ་གྱིས་གསར་གཏོད་དང་འཕེལ་རྒྱས་གཏོང་བར་མུ་མཐུད་ནས་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་གནང་གི་ཡོད་པ་རེད།