འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།>>མཐོ་རིམ་གནས་ཚུལ།

    ༄༅།།ལི་ཁེ་ཆང་འཛམ་གླིང་ཨེ་ཙིའི་ནད་འགོག་བཅོས་ཉིན་མོའི་བྱེད་སྒོར་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་01ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ལི་ཁེ་ཆང་འཛམ་གླིང་ཨེ་ཙིའི་ནད་འགོག་བཅོས་ཉིན་མོའི་བྱེད་སྒོར་ཞུགས་པ།
        མི་དམངསདྲ་བའི་འཕྲིན། འཛམ་གླིང་ཨེ་ཙིའི་ནད་འགོག་བཅོས་ཉིན་མོ་ཐེངས་ཉེར་བདུན་པ་འཆར་གྲབས་ཡོད་པའི་སྐབས་ཏེ། ཟླ་11ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་པེ་ཅིང་གྲོང་ཁྱེར་་གྱི་ཨེ་ཙིའི་ནད་སྨན་བཅོས་སྨན་ཁང་ཨང་དང་པོ་ཡིའུ་ཨན་སྨན་ཁང་དུ་ཕེབས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་འཐབ་ཕྱོགས་དང་པོར་ལས་ཀ་བྱེད་པའི་སྨན་བཅོས་མི་སྣ་དང་། གཞི་རིམ་ཨེ་ཙིའི་ནད་འགོག་བཅོས་བྱེད་མཁན་དང་དང་བླངས་པ་རྣམས་ལ་འཚམས་གཟིགས་གནང་བ་རེད། 
         ལི་ཁེ་ཆང་གིས་གསུངས་དོན། ནད་གདོན་ལས་རྣམ་པར་རྒྱལ་བར་ཚན་རིག་གི་སྟོབས་ཤུགས་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ཚང་མས་ཐུགས་འཁུར་ཡང་བྱ་དགོས་ཤིང་། དེའི་ཐོག་ནས་སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་མཚོན་ཀྱི་ཡོད། སྤྱི་ཚོགས་རྩ་འཛུགས་དང་དང་བླངས་པ་ནི་ཨེ་ཙིའི་ནད་འགོག་བཅོས་བྱེད་པའི་སྟོབས་ཤུགས་གསར་པ་ཡིན་ཞིང་། ཁོང་ཚོའི་ནུས་པ་སུས་ཀྱང་ཚབ་བྱེད་ཐབས་བྲལ། སྲིད་གཞུང་གིས་སྤྱི་ཚོགས་ལ་ཞབས་ཞུ་ཉོ་སྒྲུབ་སྔར་ལས་མང་བ་བྱ་རྒྱུ། སྤྱི་ཚོགས་རྩ་འཛུགས་ཀྱི་ཨེ་ཙིའི་ནད་འགོག་བཅོས་ཐེབས་རྩ་འཛུགས་འགོ་གང་མགྱོགས་གཏོང་དགོས་པ་དང་། ཨེ་ཙིའི་ནད་འགོག་བཅོས་ལ་སོགས་པའི་སྤྱི་ཕན་གྱི་རང་བཞིན་ལྡན་པའི་སྤྱི་ཚོགས་རྩ་འཛུགས་ཀྱི་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་རྒྱུའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། དང་བླངས་པའི་དཔུང་ཁག་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བར་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་ཨེ་ཙིའི་ནད་འགོག་བཅོས་ལ་ཐུགས་འཁུར་བྱེད་པ་དང་ཚེ་སྲོག་ལ་བརྩི་འཇོག་བྱེད་པའི་སྤྱི་ཚོགས་སྣང་ཚུལ་ཆགས་པར་བྱ་དགོས། 
    【1】  【2】  【3】  【4】  【5】  【6】  【7】  【8】
      

    ཕྱོགས་བསྡུས་གསར་འགྱུར།