མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་གསོ་རིག་དང་སློབ་ཁྲིད་མཉམ་ལས་ཀྱིས་ནད་ཐོག་གསོ་རིག་ཤེས་ལྡན་མི་སྣ་
གསོ་སྐྱོང་བྱེད་སྟངས་བསྒྱུར་བཅོས་ལས་དོན་ཟབ་སྤེལ་ལ་སྐུལ་འདེད་གཏོང་བའི་
ཚོགས་འདུར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་28ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་27ཉིན་གསོ་རིག་དང་སློབ་ཁྲིད་མཉམ་ལས་ཀྱིས་ནད་ཐོག་གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་བསྒྱུར་བཅོས་ལས་དོན་ཟབ་སྤེལ་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆད་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད། མཆན་བཀོད་མཛུབ་སྟོན་གྱི་ནང་དུ་གསོ་རིག་དང་སློབ་ཁྲིད་མཉམ་ལས་ནི་ནད་ཐོག་གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུའི་ནུས་ལྡན་ཐབས་ལམ་ཡིན་ཞིང་། ཐེངས་འདིར་ཆེད་མངགས་སྐུལ་འདེད་ཚོགས་འདུ་འཚོགས་པ་དེ་གསོ་རིག་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་ལས་དོན་བར་ཕན་ཚུན་སྐུལ་སྤེལ་དང་ཡར་རྒྱས་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད། མི་དམངས་མང་ཚོགས་ལ་ཆུ་ཚད་མཐོན་པོ་ལྡན་པའི་བདེ་ཐང་སྲུང་མཁན་སྔར་ལས་མང་བ་དགོས། སློབ་གསོ་པུའུ་དང་འཕྲོད་བསྟེན་འཆར་ལྡན་བུ་བཙའི་ཨུ་ལྷན་གྱིས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་བསྒྱུར་བཅོས་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་དགོས་མཁོ་ཁྲིད་ཕྱོགས་སུ་འཛིན་པ་དང་།གསོ་རིག་སློབ་གསོ་དང་གསོ་རིག་ཤེས་ལྡན་མི་སྣ་འཚར་ལོངས་ཡོང་བའི་ཆོས་ཉིད་བརྩི་སྲུང་བྱས་ཏེ་གསོ་རིག་དང་སློབ་གསོ་ཕན་ཚུན་སྐུལ་སྤེལ་གཏོང་རྒྱུའི་བྱ་ཐབས་བཟང་པོ་དང་སྲོལ་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་མ་ལག་འཛུགས་སྐྱོང་གང་མགྱོགས་བྱས་ཐོག་སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་ཞབས་ཞུའི་ནུས་པ་ཇེ་ཆེར་དང་ཆུ་ཚད་ཇེ་མཐོར་རྒྱུན་མཐུད་གཏོང་བ་དང་རྒྱལ་དམངས་ཀྱི་ལུས་ཁམས་བདེ་ཐང་ཡོང་བར་འགན་ལེན་ལེགས་པར་བྱེད་ཆེད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས་ཞེས་བསྟན་པ་རེད།