འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཐོའི་ཡུལ་གྲུ་ཀུན་ཏུ་མཐུན་སྒྲིལ་མེ་ཏོག་བཞད་པ།

    རང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་བཏང་བའི་སྐོར་གྱི་སྒྲིལ་གླེང་དང་པོ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་07ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཞོགས་པ་བྱེས་བགྲོད་རླངས་འཁོར་ཞིག་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་ནས་ཐོན་ཏེ་གོང་དཀར་གནམ་གྲུ་ཐང་གི་ཕྱོགས་སུ་བསྐྱོད།
         རླངས་འཁོར་དེ་ནི་ཚལ་གུང་ཐང་ཤང་གི་ཞིང་པ་ཁེ་ལས་མཁས་ཅན་རྒྱགས་ལོས་ཀྱི་ཡིན་ཞིང་། རླངས་འཁོར་ནང་གི་མི་གཉིས་པོ་དེ་ནི་རྒྱགས་ལོས་ཀྱིས་འགྲོ་སོང་མང་པོ་བཏང་ནས་གདན་ཞུ་བྱས་པའི་ལག་རྩལ་རྐང་འཛིན་པ་རེད། ཁོ་གཉིས་འདྲ་བའི་བོད་རིགས་དང་རྒྱ་རིགས་ལས་བཟོ་ལས་གྲུབ་པའི་ལག་རྩལ་སྟོབས་ཤུགས་འདི་འདྲ་བ་རྒྱགས་ལོས་ཀྱི་ཨར་ལས་ཀུང་སིའི་ནང་མི་30ལྷག་ཙམ་ཡོད། ལོ་30ལྷག་ཙམ་འབད་འཐབ་བྱས་ཏེ་ཁོང་གིས་ཞིང་པ་དཀྱུས་མ་ཞིག་ནས་སྦྱིན་བདག་ལ་གྱུར་པའི་འབད་འཐབ་ལམ་བུ་བརྒྱུད་ཡོད།
         དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་།
         སྟོད་ལུང་བདེ་ཆེན་རྫོང་གདོང་དཀར་གྲོང་རྡལ་གྱི་ཞིང་པ་འཇམ་དཔལ་གྱི་ཁྱིམ་དུ་རྒྱུན་དུ་སྐུ་མགྲོན་མང་པོ་ཡོད།
         སྐུ་མགྲོན་ཁྲོད་མང་ཆེ་བ་ནི་ནང་ས་ནས་ཡོང་བའི་ཚོང་རོགས་དང་ལག་རྩལ་པ་དང་ཁོང་ཚོའི་ནང་མི་ཡིན་པ་རེད། འཇམ་དཔལ་ནི་ཞིང་འབྲོག་པའི་ཨར་ལས་མཉམ་ལས་ཁང་གི་འགན་ཁུར་བ་ཡིན་ཞིང་། རྒྱགས་ལོས་དང་འདྲ་བར་འཇམ་དཔལ་གྱི་མཉམ་ལས་ཁང་ནང་རྒྱུན་དུ་རྒྱ་རིགས་ལས་མི་དང་བོད་རིགས་ལས་མིས་མཉམ་དུ་འབད་འཐབ་བྱེད་བཞིན་ཡོད།
         འཇམ་དཔལ་གྱི་མཉམ་ལས་ཁང་དུ་ད་ཆ་ལག་རྩལ་པ་10ཡོད་པའི་ནང་ནས་8ནི་ས་གནས་དེ་རང་ནས་ཡིན་མོད། འོན་ཀྱང་མཉམ་ལས་ཁང་ཐོག་མར་འཛུགས་སྐབས་དེ་ལྟར་མིན་པར་སྐབས་དེ་དུས་འཇམ་དཔལ་མ་དངུལ་ཁ་ཐང་བ་དང་ལག་རྩལ་མ་ཤེས་སྟབས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་མྱོང་ཡོད། དེ་སྔ་ཁོང་དང་མཉམ་ལས་བྱེད་མྱོང་ཡོད་པའི་ནང་སའི་ཨར་ལས་ཚན་པ་ཞིག་གིས་གནས་ཚུལ་དེ་ཤེས་རྗེས་མཉམ་ལས་བྱ་རྒྱུའི་གྲོས་འགོ་བཏོན་མ་ཐག་ཁོང་གིས་ལམ་སེང་ཁས་བླངས། ལོ་གཅིག་གི་རྗེས་སུ་གདོང་དཀར་གྲོང་ཚོའི་ཞིང་འབྲོག་པའི་ཨར་ལས་དང་སྐྱེལ་འདྲེན་མཉམ་ལས་ཁང་ལ་ཡོང་འབབ་ཁེ་གཙང་སྒོར་ཁྲི་300བྱུང་ཡོད། འཇམ་དཔལ་གྱི་བྱ་གཞག་འཕེལ་རྒྱས་དང་གདོང་དཀར་གྲོང་རྡལ་གྱི་ཞིང་འབྲོག་པ་ཕྱུག་པོ་ཆགས་པ་དེ་ཡང་ནང་ས་ནས་ཡོང་བའི་མི་རིགས་སྤུན་ཟླ་འབོར་ཆེན་ཞིག་དང་མཉམ་དུ་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་རེད།
         ལོ་འགའ་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་སྡེ་ཁུལ་གྲོང་ལྷན་སོགས་ཚན་པ་9རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་ཚོད་ལྟའི་ཚན་པར་གཏན་འཁེལ་བྱས་པ་དང་། 2013ལོར་ལྷ་ས་གྲོང་ཁྱེར་འདི་ཉིད་སླར་ཡང“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་ཀྲོའུ(ས་ཁུལ་དང་། གྲོང་ཁྱེར། མོང)”གཏོད་པའི་ཚོད་ལྟའི་ཚན་པར་རེ་ཞུ་བྱས་པར་ཆོག་མཆན་ཐོབ་པ། འདི་ལོ་ལྷ་ས་འགག་སྒོ་སླར་ཡང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཞིབ་མཆན་ཐོབ་པ་བརྒྱུད“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞིར”དངོས་སུ་གྱུར་པ་བཅས་རེད།
         ཇ་དང་ཚྭ་ལྟར་གཅིག་སེམས་གཅིག་ཏུ་སྦྲེལ།
         ལྷོ་ཁ་ས་ཁུལ་གོང་དཀར་རྫོང་རྒྱ་དྲུག་གླིང་གྲོང་རྡལ་རྣམ་རྒྱལ་གླིང་སྡེ་ཁུལ་དུ་དུད་ཚང་298དང་མང་ཚོཊ་842ཡོད་པའི་ཁྲོད་ནས་དུད་ཚང་24ནི་རྒྱ་བོད་གཉེན་སྒྲིག་ཁྱིམ་ཚང་ཡིན་ཞིང་། ཁྱིམ་ཚང་དེ་དག་དང་སྡེ་ཁུལ་གྱི་གྲོང་མི་རྣམས་ཇ་དང་ཚྭ་ལྟར་འཆམ་མཐུན་མཉམ་གནས་ངང་འཚོ་བ་སྐྱེལ་བཞིན་ཡོད།
         ལི་ཧྲེ་རུང་གི་ཁྱིམ་ནི་རྒྱ་བོད་གཉེན་སྒྲིག་ཁྱིམ་ཚང་24ཡི་ཁྲོད་ཀྱི་གྲས་ཤིག་ཡིན། ལོ་12གོང་ལི་ཧྲེ་རུང་ཟླ་བ་གཡང་འཛོམས་ཀྱི་ཁྱིམ་དུ་མག་པར་ཡོང་ཞིང་། ལི་ཧྲེ་རུང་གི་ཨར་ལས་ལག་རྩལ་ཡག་པོ་ཡོད་པས་འཚོ་བ་ཁ་ཐང་ཙམ་ཡོད་པའི་བོད་རིགས་ཁྱིམ་ཚང་དེ་ལོ་ཤས་ནང་ཕྱུག་པོའི་ཁྱིམ་དུ་གྱུར། བཟའ་ཚོ་གཉིས་ཀྱིས་བུ་མོར་ལྟ་སྐྱོང་དང་ལོ་ན་བགྲེས་པའི་ཨ་མར་བསྙེན་བཀུར་ཞུས་ཏེ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་བཞིན་ཡོད།
         གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ལྷོར་གནས་པའི་ཉི་རི་གཞུང་ཤང་ནི་མི་འབོར་ཁྲི་1ལྷག་ཙམ་ཡོད་པའི་ཤང་ཆེན་པོ་ཞིག་ཡིན། རཊ་རྩིས་བྱས་པར་གཞིགས་ན། ཤང་དེར་རྒྱ་བོད་གཉེན་སྒྲིག་ཁྱིམ་ཚང་དང་། བོད་རིགས་དང་ཧུའེ་རིགས་གཉེན་སྒྲིག་ཁྱིམ་ཚང་600ལྷག་ཙམ་ཡོད་ཅིང་། མིག་སྔར་ཁྱིམ་ཚང་དེ་དག་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་དཔེ་མཚོན་ལ་གྱུར་ཡོད།
         ལོ་20ལྷག་ཙམ་གྱི་གོང་མིང་ལ་ཞེ་ཧུང་ཡིང་ཟེར་བའི་སྐལ་བཟང་རྣམ་རྒྱལ་ཚོང་གི་མ་རྩ་བརྡིབས་ནས་སྔོན་གྱི་བཟའ་ཟླས་དབྱུགས་ཡོད། ད་ཆ་ཁོང་དང་བོད་རིགས་བཟའ་ཟླ་སྐལ་སྒྲོན་མཉམ་དུ་བདེ་སྡུག་མཉམ་མྱོང་དང་གཅིག་ལ་གཅིག་རྟེན་བྱས་ཏེ་རྣམ་གླིང་རྫོང་སོག་ཆེན་ཤང་སྙིང་པོ་གྲོང་ཚོར་གཞིས་ཆགས་པ་དང་འཚོ་བའི་དཀའ་གནད་ལས་སྒྲོལ་ཡོད། སོག་ཆེན་ཤང་གི་ལས་བྱེད་པ་དང་སྙིང་པོ་གྲོང་ཚོའི་ཡུལ་མི་སྤུན་ཟླ་ཚོའི་རོགས་རམ་འོག་སྐལ་བཟང་རྣམ་རྒྱལ་གྱིས་རིག་པ་བསྒྲིམས་ནས་བོད་རིགས་གྲོགས་པོ་དང་མཉམ་དུ་བོད་བྱང་ཐང་དུ་ལས་མི་བྱེད་པར་བསྐྱོད་དེ་འབྲོག་ཁུལ་དུ་འབྲུ་རིགས་དང་སྔོ་ཚལ་བཏབ་ནས་བསྡད་པ་དང་། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་སྡོད་ཁང་གསར་པ་བརྒྱབ་པ་དང་འཚོ་བའི་ཆ་རྐྱེན་རིམ་བཞིན་ལེགས་སུ་ཕྱིན་ཡོད།
         ཁྱིམ་ཚང་གཅིག་གི་མི་འོ་ཆུ་འདྲེས་པ་ལྟར་བརྩེ་དུང་ཟབ།
         ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་བརྒྱད་གཅིག་སྡེ་ཁུལ་གྱི་གྲོང་མི་པོ་ཅིན་ཆིང་གི་ཁྱིམ་དུ་ནང་མི་18ཡོད་པ་དང་། ཁོང་ནི་རྒྱ་རིགས་དང་བཟའ་ཟླ་པ་སངས་ནི་བོད་རིགས་ཡིན་པ་མ་ཟད། མག་པ་ཆུང་བ་མ་ཝུའུ་ཏེ་ནི་ཧུའེ་རིགས་ཡིན། བགྲེས་སོང་པོ་ཅིན་ཆིང་གིས“མི་རིགས་མང་པོའི་ཁྱིམ་ཚང་འཆམ་མཐུན་ཡོང་བའི་ཐབས་མཆོག་གཙོ་བོ་ནི་མི་རིགས་མི་འདྲ་བའི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་དང་། དད་མོས་ལ་ཐེ་ཇུས་མི་བྱེད་པ། བཙན་སྐུལ་མི་བྱེད་པ་བཅས་བྱས་ནས་འཚོ་བ་དང་དད་མོས་ཀྱི་ཁོར་ཡུག་སྤྲད་དེ་ཚང་མ་གང་དགའ་གང་སྐྱིད་ཡོང་བ་བྱ་རྒྱུ་དེ་རེད”ཅེས་བཤད།
         བགྲེས་སོང་པོ་ཅིན་ཆིང་གིས་མི་རིགས་མཐུན་སྒྲིལ་བྱ་རྒྱུ་དེ་རང་ཁྱིམ་ཁོ་ན་ཙམ་མིན་པར་མག་པ་དང་མནའ་མའི་ཁྱིམ་ཚང་དབར་འབྲེལ་བ་ཡག་པོ་འཛུགས་རྒྱུ་མ་ཟད། སྒོ་རའི་ནང་གི་གྲོང་པ་ཁྱིམ་མཚེས་དབར་ལའང་འབྲེལ་བ་བཟང་པོ་འཛུགས་དགོས། “མི་རིགས་མཐུན་སྒྲིལ་ནི‘ཚང་མའི་དོན་དག’རེད། ཚང་མ་འཆམ་མཐུན་བྱུང་ཚེ་གཞི་ནས་སྤྱི་ཚོགས་ཞི་མཐུན་ཡོང་ཐུབ”ཅེས་བཤད།
         རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་འགོ་ཁྲིད་དང་སྤུན་ཟླའི་མི་རིགས་ཁག་གི་ཉམས་ལེན་འབད་སྒྲུབ་འོག་དབུཊ་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་རང་ལྗོངས་ཀྱི་མི་རིགས་འབྲེལ་བའི་བརྗོད་དོན་གཙོ་བོར་གྱུར་པ་དང་། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུ་དེ་མི་རིགས་ཁག་གི་མི་དམངས་ཀྱི་བློ་སྟོབས་ཆེན་པོ་ཞིག་ཏུ་གྱུར་པ། ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། མཐུན་སྒྲིལ་ལ་ཤུགས་སྣོན། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བྱ་སྤྱོད་ལ་གྱུར་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།