འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།APECམཐོ་རིམ་དཔོན་པོའི་ཚོགས་འདུའི་ཐོག་ཕྱོགས་བཞིའི་ཐད་དཔལ་འབྱོར་ཉོ་
    འཚོང་མཉམ་ལས་བྱ་རྒྱུའི་ངོས་འཛིན་གཅིག་མཐུན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་07ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༦ཉིན་ཚོང་དོན་པུའུ་ཡིས་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་གོ་བརྡ་གཏོང་བའི་ཚོགས་འདུ་འཚོགས་ཤིང་། ཚོང་དོན་པུའི་རྒྱལ་སྤྱི་སིའི་སི་ཀྲང་ཀྲང་ཧྲའོ་ཀང་གིས་ཐེངས་འདིའི་APECམཐོ་རིམ་དཔོན་པོའི་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་པའི་ནང་དོན་མཚམས་སྦྱོར་གནང་ཞིང་། ཀྲང་ཧྲའོ་ཀང་གིས་ཐེངས་འདིའི་མཐོ་རིམ་དཔོན་པོའི་ཚོགས་འདུའི་ཐོག་དཔལ་འབྱོར་ཉོ་འཚོང་ཁྱབ་ཁོངས་སུ་ངོས་འཛིན་གཅིག་མཐུན་གཙོ་བོ་ཕྱོགས་བཞིའི་ཐད་བྱུང་བ་སྟེ། གཅིག་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་རང་མོས་ཉོ་འཚོང་ཁུལ་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུ་དང་། གཉིས་ནི་འཛམ་གླིང་ཡོངས་ཀྱི་རིན་ཐང་གི་འབྲེལ་ཐག་དང་མཁོ་སྤྲོད་ཀྱི་འབྲེལ་ཐག་ཐད་ཀྱི་མཉམ་ལས་ལ་སྐུལ་སྤེལ་གཏོང་རྒྱུ། གསུམ་ནི་དཔལ་འབྱོར་ལག་རྩལ་ཐད་མཉམ་ལས་བྱ་རྒྱུ། བཞི་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱིས་WTOལ་སོགས་པའི་ཕྱོགས་མང་ལམ་སྲོལ་གྱི་ལས་དོན་སྤེལ་བར་རྒྱབ་སྐྱོར་ཇི་ལྟར་བྱ་རྒྱུར་ཞིབ་འཇུག་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།