འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་གིས་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུར་མ་དངུལ་སྒོར་དུང་ཕྱུར་༢༠བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་07ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་ཀྲུང་དབྱང་ནོར་སྲིད་ཀྱིས་ཕན་འབྲས་གདེང་འཇོག་བྱས་འབྲས་གཞིར་འཛིན་ས་གལ་ཆེན་དུ་བཟུང་བ་དང་། རྩྭ་ཐང་གི་རྒྱ་ཁྱོན་དང་ཕྱུགས་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་སོགས་པའི་རྒྱུ་རྐྱེན་ལ་གཅིག་གྱུར་གྱིས་བསམ་གཞིགས་གནང་སྟེ་གཟེངས་བསྟོད་མ་དངུལ་སྒོར་དུང་ཕྱུར་༢༠བཏང་ནས་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་བྱས་འབྲས་གདེང་འཇོག་བྱས་པར་གཟེངས་བསྟོད་བྱ་རྒྱུར་སྤྱད་དེ་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཕྱུགས་ལས་འཕེལ་རྒྱས་བྱ་ཐབས་ལེགས་འགྱུར་བྱ་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གཏོང་རྒྱུ་སོགས་ཀྱི་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།