འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་བོད་ལུགས་སྨན་པ་༢༠ལ“གྲགས་ཅན་བོད་ལུགས་སྨན་པ”ཞེས་པའི་
    གཟི་བརྗིད་མཚན་སྙན་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་07ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་དུ་འཚོཊ་པའི་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཀྱི་ཚོགས་ཆེན་ཐོག་ཀུན་སྤྱོད་བཟང་ཞིང་མཚན་སྙན་ཆེ་བ། སྨན་བཅོས་ལག་རྩལ་རྩེར་སོན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་ལས་དོན་པ་སྟེ་ཉི་མ་ཚེ་རིང་ལ་སོགས་པའི་བོད་ལུགས་སྨན་པ་༢༠ལ“བོད་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་བོད་ལུགས་སྨན་པ”ཞེས་པའི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།
         བོད་ལུགས་གསོ་རིགས་དང་བོད་སྨན་རིག་པ་སྔར་བས་ལེགས་པའི་ངང་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། བོད་ཀྱི་བོད་སྨན་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་ཆེད་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་དང་མི་ཤུགས་ཐོན་ཁུངས། སྤྱི་ཚོགས་འགན་སྲུང་ཐིང་གིས་སྐབས་གཉིས་པའི“བོད་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་བོད་ལུགས་སྨན་པ”དཔྱད་འདེམས་བྱེད་སྒོ་སྤེལ་བ་དང་ལེགས་འདེམས་འོས་སྦྱོར་དང་། ཐོབ་ཐང་ཞིབ་བཤེར། དཔྱད་ཞིབ་ཨུ་ལྷན་གྱིས་དཔྱད་བསྡུར་དང་འདེམས་ཤོག་འཕེན་པ། སྤྱི་ཚོགས་སུ་ཡོང་བསྒྲགས་བྱེད་པ་སོགས་ཀྱི་གོ་རིམ་བརྒྱུད་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་ཐད་མངོན་གསལ་དོད་པོའི་ལེགས་སྐྱེས་འབུལ་མཁན་བོད་ལུགས་སྨན་པ་༢༠བདམས་ཐོན་བྱུང་བ་རེད།
         གོང་གི་གཟི་བརྗིད་མཚན་སྙན་ཐོབ་པའི་སྨན་པ་༢༠ཡི་ཁྲོད་དུ་རང་སྐྱོང་ལྗོངས་རིམ་པ་དང་། རྫོང་རིམ་པ། ཤང་རིམ་པ་བཅས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ལས་དོན་པ་ཡོད་ལ། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་། བོད་ལུགས་གསོ་རིགས་སློབ་གླིང་གི་རིགས་གཅིག་མཁས་ཅན་ཡང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།