འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཞིས་རྩེ་ས་ཁུལ་དང་ཆབ་མདོ་ས་ཁུལ་གཉིས་གྲོང་ཁྱེར་དུ་
    སྒྱུར་རྒྱུའི་སྙན་ཞུའི་ཡིག་ཆར་ཆོག་མཆན་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་03ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་གཞུག་ཏུ་བོད་ལྗོངས་གཞིས་རྩེ་ས་ཁུལ་དང་ཆབ་མདོ་ས་ཁུལ་གཉིས་སོ་སོར་གཞིས་རྩེ་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་དུ་སྒྱུར་རྒྱུའི་འབྲེལ་ཡོད་སྙན་ཞུའི་ཡིག་ཆར་ཆོག་མཆན་བཀོད་པ་རེད།
         ཟླ11པའི་ཚེས2ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཚོགས་ཆུང་གིས་ལམ་སེང་ཚོགས་འདུ་བསྡུས་ཏེ། གཞིས་རྩེ་དང་ཆབ་མདོ་གྲོང་ཁྱེར་གཉིས་འཛུགས་རྒྱུའི་གནས་ཚུལ་བརྒྱུད་བསྒྲགས་བྱས་པ་མ་ཟད། དུས་རིམ་རྗེས་མའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།