འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་ཚིགས་གོང་མ་གསུམ་ནང་འགག་སྒོས་ལྐོག་འདྲེན་གྱོད་གཞི་ཆིག་ཁྲི་བཞི་སྟོང་ལྷག་
    ཙམ་ཞིབ་བཤེར་ཐག་གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་03ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་འགག་སྒོ་སྤྱི་ཁྱབ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་གོང་མ་གསུམ་ནང་རྒྱལ་ཡོངས་འགག་སྒོས་ཁྱོན་ལྐོག་འདྲེན་གྱོད་གཞི་༡ཁྲི་༤༢༣༥ཞིབ་བཤེར་ཐག་གཅོད་བྱས་པ་དང་། དེའི་ཁྲོད་ལྐོག་འདྲེན་ཉེས་གསོག་གྱོད་གཞི་༡༨༣༨གྱོད་དོན་ཐོ་བཀོད་ཀྱིས་མྱུལ་ཞིབ་ཐག་གཅོད་བྱས་པ་དང་། ཉེས་གསོག་དོགས་ཡོད་མི་སྣ་༣༥༨༧ལ་བཙན་བཤེད་ཀྱི་བྱ་ཐབས་བཟུང་ཡོད་པ་རེད།
         གཞན་ཡང་ཞིང་ལས་ཐོན་རྫས་ལྐོག་འདྲེན་ལ་རྡུང་རྡེག་གཏོང་བའི་ལྗང་རླུང་ཞེས་པའི་ཆེད་དོན་བྱ་སྤྱོད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། སྤྱི་ཟླ་༡པོ་ནས་༩པའི་བར། རྒྱལ་ཡོངས་འགག་སྒོས་གྱོད་དོན་ཐོ་བཀོད་བྱས་ཏེ་ཞིང་ལས་ཐོན་རྫས་ཀྱི་ལྐོག་འདྲེན་ཉེས་གསོག་གྱོད་གཞི་༤༨༧མྱུལ་ཞིབ་ཐག་གཅོད་བྱས་པ་དང་། ཁྲལ་སྐུང་ཁྲལ་གཡོལ་བྱེད་ཚད་སྒོར་དུང་ཕྱུར་༧༡ཟིན་གྱི་ཡོད། དུས་མཚུངས་འགག་སྒོས་མུ་མཐུད་དཔྱ་ཁྲལ་དང་འབྲེལ་བ་ཆེ་བའི་ཚོང་ཟོག་དང་། དུག་རྫས། མཚོན་ཆ་དང་མདེལ་རྫས། ཕྱི་རྒྱལ་གྱི་གད་སྙིགས་སོགས་ལྐོག་འདྲེན་གྱོད་གཞིར་མཐོ་གནོན་དང་རྡུང་རྡེག་དྲག་པོ་གཏོང་ཤུགས་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཟླ་དང་པོ་ནས་དགུ་པའི་བར། རྒྱལ་ཡོངས་འགག་སྒོས་གྱོད་དོན་ཐོ་བཀོད་བྱས་་ཏེ་དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་ལྐོག་འདྲེན་ཉེས་གསོག་གྱོད་གཞི་༡༠༡༩མྱུལ་ཞིབ་ཐག་གཅོད་བྱས་པ་དང་། ཁྲལ་སྐུང་ཁྲལ་གཡོལ་སྒོར་དུང་ཕྱུར་༡༡༡དང་བྱེ་བ་༦བྱས་པའི་དོགས་པ་ཡོད་པ་དང་། དུས་མཚུངས་དང་བསྡུར་ན་ཁག་སོ་སོར་བརྒྱ་ཆ་༣༠དང་བརྒྱ་ཆ་༥༢དང་གྲངས་ཆུང་༩འཕར་ཡོད་པ་རེད།
         འགག་སྒོ་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཀྲང་ཀོང་ཀྲེས་ཀྱིས། རྒྱལ་ཡོངས་འགག་སྒོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཐོག མུ་མཐུད་འབྲས་སོགས་ཞིང་ལས་ཐོན་རྫས་ཀྱི་ལྐོག་འདྲེན་གྱོད་གཞིར་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང་། དུག་རྫས་ལྐོག་ཚོང་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ། གཞན་ཡང་མཐའ་མཚམས་ས་ཁུལ་གཙོ་བོའི་ལྐོག་འདྲེན་དང་ཁྲོམ་རའི་ལྐོག་ཚོང་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།