འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་28ཉིན། 07:53】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་པ།
         མི་དམངས་དྲ་བའི་འཕྲིན། བཟང་རྡོར་ནི་འདི་ལོར་ལོ་30ཡིན་པ་དང་། ཕ་ཡུལ་མཚོ་སྔོན་ཡུལ་ཤུལ་ཁུལ་ཧ་ཤུལ་ཤང་གཡང་ཐར་གྲོང་ཚོའི་སྡེ་ཁུལ་གསུམ་པ་ནས་ཡིན། 2012ལོའི་ཟླ་12པར་བཟང་རྡོར་དང་གཡང་ཐར་གྲོང་ཚོ་ནས་ཡོང་བའི་འབྲོག་པ་12ཡུལ་ཤུལ་རྫོང་ཧ་ཤུལ་ཤང་ཏང་ཨུད་སྲིད་གཞུང་པེ་ཅིང་སློབ་ཆེན་རང་བྱུང་སྲུང་སྐྱོང་ལྟེ་གནས་གཉིས་ཀྱིས་མཉམ་གཉེར་བྱས་པའི་གཙང་གསུམ་ཆུ་འགོའི་སྡེ་ཁུལ་གྱི་ལྟ་ཞིབ་ཚད་ལེན་གསོ་སྦྱོང་ནང་ཞུགས། དུས་དེ་ནས་བཟུང་ཁོང་ཉུང་མཐར་ཡང་ཟླ་རེར་ས་བབ་སྨི་4800ལྷག་ཡོད་པའི་རི་འགོར་བཙུགས་ཡོད་པའི་ལྟ་ཞིབ་ཚད་ལེན་ས་ཚུགས་6པོར་ཐེངས་རེར་བསྐྱོད་དེ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གནས་ཚུལ་ཐོ་འགོད་བྱེད་ཀྱི་ཡོད་པ་རེད། 2013ལོའི་ཟླ་8པར་ཧ་ཤུལ་སྲིད་གཞུང་གིས་ཁོང་༼ཕུལ་བྱུང་ལྟ་ཞིབ་པ་༽ལ་བདམས་པ་རེད། འདི་ནི་བཟང་རྡོར་༼དཀྱིལ་༽གྱིས་ལག་ཏུ་ཕུལ་བྱུང་ལྟ་ཞིབ་པའི་གཟི་བརྗིད་ལག་ཁྱེར་ལག་ཏུ་ཐོགས་ཏེ་ཨ་མ་༼གཡོན་༽དང་མནའ་མ་དང་མཉམ་དུ་སྒོ་ཁར་པར་རྒྱག་བཞིན་པ་ཡིན།
    ༄༅།།བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།