འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་ལམ་ལུགས་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་
    པའི་ལོ་རྒྱུས་ཀྱི་མཆོང་སྐྱོད་ལ་སྐུལ་འདེད་གཏོང་དགོས།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་30ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཁྲིམས་སྐྱོང་ནི་རུལ་སུངས་ཀྱི་རང་བྱུང་དགྲ་བོ་ཞིག་རེད། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས་ཀྱི་ཡིག་ཕྲེང་དང་ཡིག་འབྲུ་ཚང་མའི་ནང་ཚན་རིག་དང་མཐུན་ལ་བརྒྱུད་རིམ་ཡང་ལྡན་པའི་ལམ་ལུགས་ཇུས་འགོད་མཚོན་པས་དབང་ཆའི་རླུང་ཙི་དམ་དུ་གཏོང་ཆེད་ལྡོག་མེད་ཀྱི་ཁྲིམས་སྐྱོང་སྟོབས་ཤུགས་ཤིག་མཁོ་འདོན་བྱེད་པ་དང་ལམ་ལུགས་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པར་ལོ་རྒྱུས་ཀྱི་མཆོང་སྐྱོད་གསར་པ་མངོན་འགྱུར་ཡོང་བའི་སྐུལ་འདེད་གཏོང་རྒྱུ་རེད།
         ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་ནང་ཁྲིམས་འཛུགས་དང་། ཁྲིམས་སྐྱོང་། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཕྱོགས་བཞིའི་ཐད་ནས་ལས་དོན་བཀོད་སྒྲིག་བྱས་ཏེ་ཕྱོགས་ཚང་མའི་ནང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་ལམ་ལུགས་ཇུས་འགོད་ལ་ཤུགས་སྣོན་རྒྱག་པའི་ནང་དོན་ལྡན་པ་དང་སྒྱུར་བཅོས་ཀྱི་ཁ་ཕྱོགས་དང་དམིགས་ཚད་རབ་དང་རིམ་པ་གསལ་སྟོན་བྱས་པས་མི་དམངས་ཀྱིས་རེ་སྒུག་བྱེད་འོས་པ་ཞིག་རེད།
         སྤྱི་བསྒྲགས་ལ་ཞིབ་ཕྲ་ལྟ་སྐབས“ལམ་ལུགས”དང“ལམ་སྲོལ”ནི་དེའི་ནང་ཡང་ཡང་ཐོན་པའི་ཐ་སྙད་ཅིག་རེད།
         “ཁྲིམས་འཛུགས་རྣམ་གྲངས་འཚོལ་བསྡུ་དང་རིགས་པས་ཁུངས་སྐྱེལ་གྱིས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས”པ་དང་། “ཐབས་ཇུས་གལ་ཆེན་གྱི་ཚེ་གང་འགན་འཁྲི་བདའ་འདེད་ལམ་ལུགས་དང་འགན་འཁྲི་ལྡོག་བཤེར་ལམ་སྲོལ་བཟོ་དགོས” “ངེས་པར་དུ་ཁྲིམས་འཛིན་དོ་དམ་ལམ་སྲོལ་དང་ཁྲིམས་འཛིན་དབང་ཆ་འཁོར་སྐྱོད་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས”“ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་དང་རྩོད་གཞི་ཐག་གཅོད་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་འགལ་བའི་སྔོན་ཚུད་ཉེན་བརྡའི་ལམ་སྲོལ་དང་། ཁེ་ཕན་མཚོན་པའི་ལམ་སྲོལ། གྲོས་མོལ་དང་སྦྲེལ་མཐུད་ལམ་སྲོལ། གུད་སྐྱོབ་རོགས་སྐྱོབ་ལམ་སྲོལ་བཅས་བཟོ་བ་དང་འཐུས་ཚང་དུ་གཏོང་དགོས”
         དེ་ཐོག་ནས་བྱ་ཐབས་དེ་དག་ཁག་གཅིག་ནི་ཉེ་སྐྱོར་ཁྲིམས་འགལ་བཀག་འགོག་བྱ་ཕྱིར་བཏོན་པ་དང་། ཁག་གཅིག་ནི་དབང་ཆ་བཙོལ་གླས་བྱེད་ས་བཀག་འགོག་བྱེད་ཆེད་ཡིན་པ། ཁག་གཅིག་ནི་ཉམས་མྱོང་དང་བསླབ་བྱ་བསྡུ་ལེན་བྱས་ནས་དེ་སྔའི་ལྟ་སྐུལ་དོ་དམ་གྱི་སྟོང་ཆ་སྐོང་ཆེད་བཅས་ཡིན་པ་མཐོང་ཐུབ། མེད་པ་ནས་ཡོད་པའི་བར་དང་ཡོད་པ་ནས་སྟོབས་ཆེའི་བར་ལམ་ལུགས་ཀྱི་བཀོལ་སྤྱོད་ཐུབ་པའི་རང་བཞིན་ཆེ་རུ་ཕྱིན་པ་དང་། དབང་ཆ་ཚོད་འཛིན་དོ་སྙོམས་དང་། རུལ་སུངས་སྔོན་འགོག་དང་ཆད་གཅོད་ཀྱི་ལམ་ལུགས་ཀྱི་མ་ལག་སྔར་བས་འཐུས་ཚང་དུ་ཕྱིན་ཡོད།
         ཕྱི་གསལ་ནང་གསལ་ནི་རུལ་འགོག་སྨན་ཡག་ཤོས་ཤིག་ཡིན་པར་བརྟེན་ཚང་འཛོམས་གྲོས་ཚོགས་ཐོག་ལམ་ལུགས་ཇུས་འགོད་བྱེད་སྐབས་ད་དུང“ཡོངས་བསྒྲགས”ནན་བཤད་བྱས་ནས“སྤྱི་དམངས་ཞུགས་པ་དང་། རིགས་གཅིག་མཁས་ཅན་གྱིས་རིགས་པས་ཁུངས་སྐྱེལ། ཉམས་ཉེན་དཔྱད་དཔོག ཁྲིམས་མཐུན་རང་བཞིན་ངང་ཞིབ་བཤེར། མཉམ་སྡེབ་ཐོག་གྲོས་བསྡུར་བཅས་ནི་སྲིད་འཛིན་ཐབས་ཇུས་ཀྱི་ཁྲིམས་བཅད་ལས་རིམ་གལ་ཆེན་ཞིག་ཏུ་གཏན་འཁེལ་བྱ་རྒྱུའི་གཏན་འབེབས་བྱེད་དགོས”དང་། “སྒོ་དབྱེ་དང་། སྒུལ་ཚུལ་རྣམ་པ། ཁ་གསལ། དམངས་ལ་སྟབས་བདེ་སྐྲུན་པ་བཅས་ཀྱི་ཉི་འོད་ཁྲིམས་འཛིན་གྱི་ལམ་སྲོལ་བཟོ་དགོས”“ཡོངས་བསྒྲགས་དེ་རྒྱུན་གཏན་ཅན་དང་ཡོངས་བསྒྲགས་མེད་པ་དེ་དམིགས་བསལ་དུ་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ཐབས་ཇུས་ཡོངས་བསྒྲགས་དང་། ལག་བསྟར་ཡོངས་བསྒྲགས། དོ་དམ་ཡོངས་བསྒྲགས། ཞབས་ཞུ་ཡོངས་བསྒྲགས། གྲུབ་འབྲས་ཡོངས་བསྒྲགས་བཅས་ལ་སྐུལ་འདེད་གཏོང་དགོས”ཞེས་གསལ་སྟོན་བྱས་ཡོད།
         གལ་སྲིད་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཀྲུང་དབྱང་གི་མཉམ་སྤེལ་བྱ་ཐབས་རབ་དང་རིམ་པ་ལས“རུལ་སུངས་བ་བྱེད་མི་ཕོད་པའི”བསམ་བློ་ཞིག་ཆགས་ཡོད་ཅེས་བརྗོད་ན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“རུལ་སུངས་བྱེད་མི་ཐུབ་པའི”ལམ་ལུགས་ཀྱི་རྨང་གཞི་སྔར་བས་བརྟན་པོ་ཞིག་བཏིང་ཡོད།
         ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་མཁས་པ་བྱ་རྒྱུ་དེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བའི་དགོངས་དོན་གལ་ཆེན་ཞིག་རེད།
         ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྤྱི་ཚོགས་ཀྱི་རྙོག་འཛིང་ཆེ་ལ་རྣོ་ངར་ཆེ་བའི་གནད་དོན་ལ་ཐད་ཀར་དམིགས་ཏེ་མི་དམངས་མང་ཚོགས་ཀྱི་རེ་སྒུག་ཆེ་མོར་ཨ་ལན་བསློགས་པས་ལམ་ལུགས་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་པ་དང་སྤྱོད་གཙང་གཞུང་དྲང་གི་ཀྲུང་གོ་ཞིག་གཏོད་པའི་བརྒྱུད་རིམ་ཁྲོད་ཁྲིམས་སྐྱོང་གི་ལམ་ཚད་རྡོ་རིང་གསར་པ་ཞིག་བཙུགས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།