འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་བལ་ཡུལ་དུ་འཚམས་འདྲིར་ཕེབས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་30ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༠པའི་ཚེས་༢༩ཉིན་སྤེལ་བའི་བརྡ་འཕྲིན་ལྟར་ན། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་བལ་ཡུལ་དུ་འཚམས་འདྲི་གནང་བ་རེད། ཟླ་༡༠ཚེས་༢༨ཉིན་འཚམས་འདྲི་ཚོགས་པས་བལ་ཡུལ་རྒྱལ་ཁབ་ཀྱི་སྲིད་འཛིན་ཡ་རྡ་ཧྥུ་དང་སྲིད་བློན་ཡི་ལ་ཤི། དེ་བཞིན་ཏང་སྲིད་གཙོ་བོའི་འགོ་ཁྲིད་དང་བཅས་པར་མཇལ་ཕྲད་གནང་བ་མ་ཟད། ཀ་ཏ་མན་དུ་རུ་ས་གནས་དེ་གའི་བོད་རིགས་སྤུན་ཟླ་ཚོ་དང་བཞུགས་མོལ་བགྲོ་གླེང་བྱས་པ་རེད།
         བློ་བཟང་རྒྱལ་མཚན་གྱིས་ཕྱི་ལོ་ནི་ཀྲུང་བལ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་༦༠འཁོར་བའི་ལོ་རེད། བོད་རང་སྐྱོང་ལྗོངས་ཀྱིས་སྔར་བཞིན་བློ་བརྟན་འགྱུར་མེད་ངང་ཀྲུང་དབྱང་གི་ཉེ་འཁོར་ཕྱི་འབྲེལ་ལས་དོན་མཛད་ཕྱོགས་ལག་བསྟར་བྱེད་རྒྱུ་ཡིན་ཞིང་། ཁྱིམ་མཚེས་མཐུན་སྒྲིལ་དང་། འབྱོར་ཕྱུག  ཞི་བདེ་རྒྱུན་འཁྱོངས་བྱས་ནས་ཀྲུང་བལ་གྱི་མི་རབས་ནས་མི་རབས་བར་མཛའ་གྲོགས་འབྲེལ་བར་སྐུལ་འདེད་ཀྱིས་ཕྱོགས་ཡོངས་ནས་མཉམ་ལས་རོགས་རེས་འབྲེལ་བར་ཧུར་བརྩོན་ཆེན་པོས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།
         བློ་བཟང་རྒྱལ་མཚན་གྱིས་ཀྲུང་གོའི་བོད་ལྗོངས་དང་བལ་ཡུལ་ནི་རི་ཆུ་སྦྲེལ་ནས་ཡོད་པ་དང་། ཕྱོགས་གཉིས་པོའི་མི་དམངས་ཀྱི་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ནང་ཆོས་དེ་ཉིད་བལ་ཡུལ་སོགས་ས་ཆ་ནས་བོད་ལ་དར་བ་མ་ཟད། བོད་ཀྱི་ཕྱོགས་ཀུན་དུ་དར་ཁྱབ་ཆེན་པོ་བྱུང་ཡོད་ལ། བོད་ལྗོངས་དང་བལ་ཡུལ་གཉིས་པོའི་འགྲོ་འོང་གི་སྦྲེལ་ཐག་ལྟ་བུ་ཞིག་ཏུ་གྱུར་ཡོད། ས་ཆ་གཉིས་ཀྱི་ནང་ཆོས་དད་ལྡན་པས་དུས་རབས་མང་པོའི་ནང་འབྲེལ་བ་དམ་ཟབ་བཙུགས་པ་མ་ཟད་རྒྱུན་འཁྱོངས་ཀྱང་བྱས་ཡོད་ཅེས་བཤད།
         ཉེ་བའི་ལོ་ཤས་ནང་ཀྲུང་གོའི་བོད་ལྗོངས་དང་བལ་ཡུལ་གྱི་དཔལ་འབྱོར་ཉོ་ཚོང་དང་རིག་གནས་སྤེལ་རེས་ཉིན་རེ་བཞིན་ཇེ་ཟབ་དུ་འགྲོ་བཞིན་ཡོད་པ་དང་། བློ་བཟང་རྒྱལ་མཚན་གྱིས་བལ་ཡུལ་སྲིད་གཞུང་ནས་ཐག་ཆོད་པོས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་ངོས་འཛིན་བྱེད་པ་ལས། བལ་ཡུལ་ས་ཁོངས་ནང་ཀྲུང་གོར་ངོ་རྒོལ་གྱི་བྱེད་སྒོ་གཅིག་ཀྱང་སྤེལ་དུ་བཅུག་མེད་པ་དེར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀྲུང་བལ་སྲོལ་རྒྱུན་འབྲེལ་བ་རྒྱུན་མི་ཆད་པར་འཕེལ་རྒྱས་དང་། བོད་ལྗོངས་དང་བལ་ཡུལ་གྱི་མཛའ་གྲོགས་མཉམ་ལས་དེ་བས་ཀྱང་དམ་ཟབ་ཡོང་རེ་བྱས་ཡོད་ཅེས་བཤད་པ་རེད།
         ཉིན་དེར་བློ་བཟང་རྒྱལ་མཚན་དང་བཅས་པ་ད་དུང་བོད་ལྗོངས་དང་བལ་ཡུལ་གྱི་ཁེ་ལས་རྣམས་གྲངས་ལ་མིང་རྟགས་བཀོད་པའི་མཛད་སྒོར་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།