འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་སྐྱོར་ལས་བྱེད་པ་ཁག་བདུན་པས་ཆུ་ཤུར་རྫོང་དུ་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་30ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༠ཚེས་༢༦ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་རྩ་འཛུགས་པུའི་སྒྲིག་འཛུགས་འོག་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པའི་རང་ངོས་དོ་དམ་ཚོགས་ཆུང་བརྒྱད་པས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་སློབ་ཆུང་དུ་བསྐྱོད་ནས“བོད་ཀྱི་གཞི་རིམ་སློབ་གསོར་སེམས་ཁུར་དང་དོ་ཁུར་བྱེད”ཅེས་བརྗོད་བྱ་གཙོ་བོར་བྱས་པའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་སློབ་གྲྭའི་སློབ་ཁྲིད་གནས་ཚུལ་དང་སློབ་མའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱས་པ་རེད།
         ཤེས་རྟོགས་བྱས་པར་གཞིགས་ན། ད་རེས་ཀྱི་བྱེད་སྒོའི་ནང་གནམ་ཤང་སློབ་ཆུང་གི་སློབ་མ་༢༠༠ལྷག་ཙམ་ལ་དཔེ་ཁུག་དང་།  ཚོན་ལྡན་སྨྱུ་གུ  ཞྭ་སྨྱུག་སོགས་སློབ་སྦྱོང་ཡོ་བྱད་སྤྲད་པ་དང་། ཕྱི་རོལ་གྱི་ལུས་རྩལ་ཡོ་བྱད་ཆ་ཚང་གཅིག་སྤྲད་པ་མ་ཟད། ད་དུང་སློབ་གྲྭའི་དགེ་རྒན་དང་ལས་བཟོའི་བྱེད་སྒོ་ཁང་དང་ཏང་ཡོན་བྱེད་སྒོ་ཁང་ལ་བོད་བཟོའི་ཁྱིམ་ཆས་ཆ་ཚང་རེ་སྤྲད་པར་ཁྱོན་སྒོར་ཁྲི་༡༢ལྷག་ཙམ་ཟིན་ཡོད་པ་རེད། གཞན་ཡང་ད་དུང་སློབ་གྲྭའི་ཏང་ཡོན་བྱེད་སྒོ་ཁང་ལ་ཉམས་བཟོའི་འགྲོ་གྲོན་སྒོར་ཁྲི་6སྤྲད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།