འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སྤྱི་ཕན་རྩ་འཛུགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐིག་དམར་བྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་30ཉིན། 16:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་སྤྱི་ཕན་རྩ་འཛུགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐིག་དམར་བྱ་དགའ་ཐོབ་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་སྤྱི་ཕན་རྩ་འཛུགས་ཕན་བདེ་པ་མཐུན་ཚོགས་ཞེས་པར་༢༠༡༤ལོའི་མཉམ་འབྲེལ་རྒྱལ་ཚོགས་འདོན་སྤེལ་འཆར་བཀོད་ལས་ཁུངས་ཀྱི་ཐིག་དམར་བྱ་དགའ་ཐོབ་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐིག་དམར་བྱ་དགའ་འདི་མིག་སྔའི་བར་དུ་ཀྲུང་གོའི་རྩ་འཛུགས་གཉིས་ལ་ཐོབ་པ་སྟེ། ༢༠༡༢ལོར་སི་ཁྲོན་ཁམས་མེ་སྡོད་ཁུལ་གོང་སྤེལ་དང་ཚོང་རའི་ཇུས་འགོད་ཞབས་ཞུ་ལྟེ་གནས་དང་ད་ལོའི་ཕན་བདེ་པ་མཐུན་ཚོགས་གཉིས་ཡིན་པ་རེད།
         ཕན་བདེ་པའི་ལས་གཞི་འདི་ནི་༡༩༩༤ལོར་བོད་ལྗོངས་ནགས་ལས་ཐིང་དང་ཨ་རིའི་མི་རབས་གསར་བའི་ཐེབས་རྩ་ཚོགས་པ་གཉིས་ཀྱིས་ཇོ་མོ་གླང་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནས་སྤེལ་འགོ་ཚུགས་ཤིང་། ལས་གཞི་འདིར་གཙོ་བོ་དམངས་ཀྱིས་ཆེས་ཐུགས་ཁུར་བྱེད་བཞིན་པའི་བུད་མེད་དང་ཕྲུ་གུའི་འཕྲོད་བསྟེན་བདེ་སྲུང་དང་ཁོར་ཡུལ་སྲུང་སྐྱོབ་ནས་བཟུང་སྟེ་ཁྱིམ་ཚང་གི་ཡོང་སྒོ་འཕར་སྣོན་དང་སྐྱེ་ཁམས་ཁོར་ཡུག་སོགས་ཀྱི་ཁྱབ་ཁོངས་སུ་ཁེབས་ཡོད་པ་རེད།
    ༄༅།།བོད་ལྗོངས་སྤྱི་ཕན་རྩ་འཛུགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐིག་དམར་བྱ་དགའ་ཐོབ་པ།
      

    ཕྱོགས་བསྡུས་གསར་འགྱུར།