མི་དམངས་དྲ་བ།

༄༅།།ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་
བསྒྲགས་ནང་༼ཁྲིམས་སྐྱོང་༽ཞེས་པའི་ཐ་སྙད་50ལྷག་ཙམ་ཐོན་ཡོད་པ་
དེ་ཐོག་ནས་གང་ཞིག་མངོན་ནམ། 

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་28ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

  ——འགག་གནད་ཚིགཁྲིམས་སྐྱོང་མ་ལག 
    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྤྱིའི་དམིགས་ཚད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་བསྐྲུན་རྒྱུ་དེ་རེད།
    རིགས་གཅིག་མཁས་ཅན་གྱིས་གསལ་འགྲེལ་བྱས་དོན།ཀྲུང་ནན་ནོར་སྲིད་སྲིད་ཁྲིམས་སློབ་ཆེན་ཁྲིམས་སྐྱོང་འཕེལ་རྒྱས་དང་ཁྲིམས་འཛིན་སྒྱུར་བཅོས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཞུས་ཧན་མིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་རྒྱུའི་དམིགས་ཚད་ཐོག་མར་བཏོན་ནས་ཆ་ཚང་བའི་བཅའ་ཁྲིམས་ཚད་ལྡན་མ་ལག་དང་།ཕན་འབྲས་ཆེ་བའི་ཁྲིམས་སྐྱོང་ལག་བསྟར་མ་ལགདོ་དམ་ནན་པའི་ཁྲིམས་སྐྱོང་ལྟ་སྐུལ་མ་ལགནུས་པ་ལྡན་པའི་ཁྲིམས་སྐྱོང་འགན་སྲུང་མ་ལགའཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་བཅས་མ་ལག་ལྔ་ཆགས་པ་བྱ་རྒྱུའི་བླང་བྱ་བཏོན་པ་དེས་ཁྲིམས་སྐྱོང་ཀྲུང་གོ་བསྐྲུན་རྒྱུའི་ངོས་ནས་བརྗོད་ཚེ་དུས་རབས་འབྱེད་པའི་དོན་སྙིང་ལྡན་ཡོད་ཅེས་བརྗོད།
    ཞུས་ཧན་མིང་གིས“རང་རེའི་ཁྲིམས་སྐྱོང་ཞེས་པ་དེ་འགྲོ་ལམ་གང་འདྲ་ཞིག་གི་ཐོག་བསྐྱོད་དགོས་པ་ཁོ་ན་མིན་པར་ད་དུང་དམིགས་ཚད་གང་འདྲ་ཞིག་མངོན་འགྱུར་ཐུབ་པ་བྱ་རྒྱུའང་རེད”སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ནི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་དང་མི་འདྲ་བར་དེས་བཅའ་ཁྲིམས་དེ་བཟོ་དགོས་པ་མ་ཟད།ད་དུང་བརྩི་སྲུང་དང་དོན་འཁྱོལ་བྱེད་དགོས་པའང་མཚོན་གྱི་ཡོད།བཅའ་ཁྲིམས་མ་ལག་དེ་ཁྲིམས་སྐྱོང་མ་ལག་ལ་རིམ་སྤོར་བྱས་པར་ཡིག་འབྲུ་གཅིག་གི་ཁྱད་པར་ལས་མེད་ཀྱང་དེ་ཐོག་ནས་ཏང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་ལྟ་བའི་མཆོང་སྐྱོད་གལ་ཆེན་དང་རྒྱལ་སྐྱོང་སྲིད་གཉེར་བྱ་ཐབས་ཀྱི་རིགས་བསྒྱུར་གལ་ཆེན་མཚོན་ཡོད་ལ་རྒྱལ་ཁབ་ཀྱིས་དེང་རབས་ཅན་བཅོས་སྐྱོང་བྱེད་པའི་མཆོང་སྐྱོད་གལ་ཆེན་ཞིག་ཀྱང་ཡིན་པ་མཚོན་ཡོད་ཅེས་བརྗོད།
    ——འགག་གནད་ཚིགཁྲིམས་འཛིན་གཞུང་དྲང་།
    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།གཞུང་དྲང་ནི་ཁྲིམས་སྐྱོང་གི་སྲོག་རྩ་ལྟ་བུ་ཡིན།ཁྲིམས་འཛིན་གཞུང་དྲང་གིས་སྤྱི་ཚོགས་ཀྱི་གཞུང་དྲང་ལ་གལ་ཆེའི་སྣེ་ཁྲིད་ནུས་པ་ཐོན་ཡོད་པ་དང་ཁྲིམས་འཛིན་གཞུང་དྲང་མ་བྱུང་ཚེ་སྤྱི་ཚོགས་གཞུང་དྲང་ལའང་ཉེན་ཁ་ཆེ་བའི་གནོད་འཚེ་ཐོན་གྱི་ཡོད།
    རིགས་གཅིག་མཁས་ཅན་གྱིས་གསལ་འགྲེལ་བྱས་དོན།མ་ཧོའེ་ཏེས“སྤྱི་བསྒྲགས་ནང་འགོ་ཁྲིད་ལས་བྱེད་པས་ཁྲིམས་འཛིན་བྱེད་སྒོ་དང་ཞིབ་ཕྲའི་གྱོད་དོན་ལ་ཐེ་ཇུས་བྱེད་པའི་ཐོ་འགོད་དང་།བརྡ་ཁྱབ།འགན་འཁྲི་བདའ་འདེད་བཅས་ཀྱི་ལམ་ལུགས་བཟོ་དགོས་ཞེས་བཏོན་པ་དེ་ཏང་གི་ཡིག་ཆའི་ནང་འདོན་ཐེངས་དང་པོ་ཡིན་པ་དང་།ལམ་ལུགས་དེ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས”ཞེས་བརྗོད།
    ཁོང་གིས“ད་ཆ་སྤྱི་ཚོགས་ལས་རིགས་ཁག་ཚང་མས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་རང་ཚུགས་ངང་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་སྤྱོད་པའི་གནད་དོན་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།ཁྲིམས་འཛིན་ལས་ཁུངས་ཀྱིས་རང་ཚུགས་ངང་ལས་དོན་སྤེལ་བ་ལས་ཉེ་འབྲེལ་གྱོད་གཞི་དང་།ངོ་སོའི་གྱོད་གཞི།རྒྱུ་ནོར་གྱོད་གཞི་བཅས་མ་བསྒྲུབས་ཚེ་གཞི་ནས་མང་ཚོགས་ཚོས་ཁྲིམས་འཛིན་བརྒྱུད་རིམ་ནང་དྲང་པོ་དྲང་གཞག་ཚོར་ཐུབ”ཅེས་བརྗོད།
    ——འགག་གནད་ཚིག   རུལ་སུངས་ལ་ངོ་རྒོལ།
    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།གཞི་རྩའི་ཆ་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ལེགས་སྒྲུབ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་དགོས།ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དེ་གོང་ལི་ཏུང་ཧྲེང་དང་།ཅང་ཅེ་མིན།ཡང་ཅིན་ཧྲན།ཝང་ཡུང་ཁྲུན།ལི་ཁྲུན་ཁྲེང་།དབན་ཆིང་ལེའང་བཅས་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱས་པའི་ཆད་གཅོད་ཁས་བླངས་ཡོད།
    རིགས་གཅིག་མཁས་ཅན་གྱིས་གསལ་འགྲེལ་བྱས་དོན།“ད་ཐེངས་ཚང་འཛོམས་གྲོས་ཚོགས་འཚོགས་པ་དེས་རུལ་སུངས་བཅོས་སྒྲིག་བྱ་རྒྱུ་དེ་ཁྲིམས་སྐྱོང་‘རྒྱུན་གཏན་ཅན་གྱི་ལས་དོན་གསར་པ’ཞིག་ཏུ་གྱུར་པ་དང་།‘སྟག་སྦྲང་མཉམ་རྡུང’བྱ་རྒྱུ་དེ་ཁྱབ་ཁོངས་ཁག་ནང་སྐུལ་སྤེལ་གཏོང་རྒྱུ་ཡིན་པ་མ་ཟད་ལྟ་སྐུལ་ཚོད་འཛིན་གྱི་སྒྲིག་གཞི་དང་ལམ་སྲོལ་ཡང་སྔར་བས་འཐུས་ཚང་དུ་གཏོང་རྒྱུ་རེད”ཅེས་མ་ཧོའེ་ཏེས་བརྗོད།
    ཁོང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བར་ད་དུང་རུལ་རྒོལ་ཁྲིམས་འཛུགས་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་དགོས་པ་དང་དབང་ཆ་ཡོངས་བསྒྲགས་དང་ཏང་དོན་ཡོངས་བསྒྲགས་སོགས་ཀྱི་འབྲེལ་ཡོད་ཁྲིམས་འཛུགས་འཕེལ་རིམ་མགྱོགས་སུ་གཏོང་བ་དང་འབྱུང་རྩ་ནས་ཁྲིམས་བཙུགས་ཏེ“འགོ་ཁྲིད་ཨང་དང་པོའི”དབང་ཆར་ཚོད་འཛིན་བྱེད་དགོས་ཞེས་བརྗོད།