འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་གིས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དམངས་གཅེས་དཔེ་བཟང་མཉམ་སྡེབ་
    འཐུས་ཚབ་དང་དམངས་གཅེས་དཔེ་བཟང་རྣམས་ལ་མཇལ་འཕྲད་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་29ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཞིས་ཅིན་ཕིང་གིས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དམངས་གཅེས་དཔེ་བཟང་མཉམ་སྡེབ་
འཐུས་ཚབ་དང་དམངས་གཅེས་དཔེ་བཟང་རྣམས་ལ་མཇལ་འཕྲད་གནང་བ།
        མི་དམངས་དྲ་བའི་འཕྲིན། ཟླ་༡༠ཚེས་༢༨ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་པེ་ཅིན་གྲོང་ཁྱེར་དུ་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དམངས་གཅེས་དཔེ་བཟང་མཉམ་སྡེབ་འཐུས་ཚབ་དང་དམངས་གཅེས་དཔེ་བཟང་རྣམས་ལ་མཇལ་འཕྲད་གནང་བ་དང་འབྲེལ་གལ་ཆེའི་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་དེང་སྐབས་རང་རྒྱལ་ནི་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པ། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་བ་བཅས་ཀྱི་དུས་སྐབས་གལ་ཆེན་དུ་གནས་ཡོད་ཅིང་། བསྒྱུར་བཅོས་འཕེལ་རྒྱས་བརྟན་ལྷིང་བཅས་བྱེད་པའི་ལས་འགན་ཧ་ཅང་ལྕི་ཞིང་དཀའ་ཚེགས་ཆེ་བས། སྤྱི་བདེ་ལས་ཁུངས་ཀྱིས་གཟི་བརྗིད་ལྡན་པའི་འགན་འཁྲི་ཁུར་ཡོད། རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་ཚོས་དམངས་གཅེས་དཔེ་བཟང་མིག་དཔེར་བྱས་ཏེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་ནན་ཏན་བྱས་ནས་ཕུགས་བསམ་ལ་ཡིད་ཆེས་བརྟན་པོ་དང་། ཏང་གི་ལས་དོན་ལ་བློ་དཀར་སེམས་དཀར། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་ཞུ། ལས་དོན་ཁག་ལེགས་འགྲུབ་ཏན་ཏིག་བཅས་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་དང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་སྤེལ། མི་དམངས་བདེ་འཁོད་ལས་བརྩོན་ཡོང་བར་འགན་སྲུང་བཅས་བྱེད་ཆེད་དང་། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཕྱིར་བྱས་རྗེས་གསར་པ་སྔར་ལས་ཆེ་བ་རྒྱུན་ཆད་མེད་པར་འཇོག་པའི་རེ་བ་བྱེད་ཀྱི་ཡིན་ཞེས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།