མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

༄༅།།བྱམས་པ་ཕུན་ཚོགས་ཙམ་པི་ཡ་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་50འཁོར་བའི་
རྟེན་འབྲེལ་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་27ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

  མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་22ཉིན་ནས་ཚེས་25ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གི་ཆེད་བཀོད་ཕོ་ཉའམ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་གདན་ཞུས་ལྟར། ཙམ་པི་ཡ་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་50འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་རེད།
      བྱམས་པ་ཕུན་ཚོགས་ཀྱིས་ཐོག་མར་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཚབ་ཞུས་ནས་ཙམ་པི་ཡ་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་50འཁོར་བར་ལྷག་བསམ་ཟོལ་མེད་གྱིས་རྟེན་འབྲེལ་ཞུས་པ་བརྒྱུད་བསྒྲགས་བྱས་རྗེས། ཁོང་གིས་ཙམ་པི་ཡ་ནི་གླིང་ཨ་ཧྥེ་རི་ཁའི་ཁུལ་གྱི་ཀྲུང་གོའི་གྲོགས་པོ་རྙིང་པ་དང་གྲོགས་པོ་ཡག་པོ་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་རྣམས་ཀྱི་གསར་གཏོད་གནང་བའི་ཀྲུང་གོ་དང་ཙམ་པི་ཡའི་སྲོལ་རྒྱུན་མཛའ་མཐུན་ནི་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་རྩ་ཆེའི་གཅེས་ནོར་ཡིན། ད་ལོ་ནི་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་༥༠འཁོར་བའི་ལོ་ཡང་ཡིན་པས་ཀྲུང་གོས་ཙམ་པི་ཡ་དང་མཉམ་དུ་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཛའ་གྲོགས་གཉིས་ཕན་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཁྲིམས་འཛུགས་ལས་ཁུངས་བར་གྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཙམ་པི་ཡའི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།