མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ཅེ་ཁེའི་ཙུང་ཐུང་ཙི་མན་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་28ཉིན། 08:39】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ཞིས་ཅིན་ཕིང་གིས་ཅེ་ཁེའི་ཙུང་ཐུང་ཙི་མན་དང་གྲོས་མོལ་གནང་བ།

  མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཅེ་ཁེའི་ཙུང་ཐུང་ཙི་མན་དང་གྲོས་མོལ་གནང་སྐབས། ཉེ་ཆར་ཅེ་ཁེ་དང་ཀྲུང་གོ་བར་གྱི་འབྲེལ་བ་གོང་འཕེལ་འགྲོ་བཞིན་བའི་གནས་ཚུལ་ཐོན་ཡོད་པས། ང་ཚོས་ཐོབ་དཀའ་བའི་གོ་སྐབས་བཟང་པོ་འདི་དམ་འཛིན་ཡག་པོ་བྱེད་དགོས། ཁྱེད་རང་ཐེངས་འདི་ཀྲུང་གོར་འཚམས་འདྲིར་ཕེབས་པ་འདི་ཀྲུང་ཅེའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་65འཁོར་བའི་དུས་སུ་འཁེལ་ཡོད་པ་མ་ཟད། ལོ་10རིང་ཅེ་ཁེའི་ཙུང་ཐུང་ཀྲུང་གོར་འཚམས་འདྲིར་ཕེབས་ཐེངས་དང་པོ་ཡིན་པས་དམགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཞེས་གསུངས།