འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ཚོགས་ཆེན་པོའི་ཀྲུའུ་ཞིར་མཇལ་འཕྲད་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་28ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཞིས་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ཚོགས་ཆེན་པོའི་ཀྲུའུ་ཞིར་མཇལ་འཕྲད་གནང་བ།
        མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ཚོགས་ཆེན་པོའི་ཀྲུའུ་ཞི་ཨེན་ཧོ་པའོ་ལེ་ཏེ་ལ་མཇལ་འཕྲད་གནང་བ་རེད། 
          ཞིས་ཅིན་ཕིང་གིས་ཀྲུང་མོང་ནི་ཁྱིམ་མཚེས་རྒྱལ་ཁབ་བཟང་པོ་དང་རོགས་ཟླའི་རྒྱལ་ཁབ་བཟང་པོ་ཞིག་ཡིན་ཞིང་། ཀྲུང་གོའི་ཕྱོགས་ཀྱིས་མོང་གོལ་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་མཐའ་འཁོར་རྒྱལ་ཁབ་དང་འབྲེལ་བ་འཛུགས་པའི་གལ་ཆེའི་ཁ་ཕྱོགས་སུ་བརྩིས་ཏེ་ཐོག་མཐའ་བར་གསུམ་དུ་མོང་གོལ་རྒྱལ་ཁབ་ཕྱོགས་ཀྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་བ་བཅས་ལ་བརྩི་འཇོག་དང་། མོང་གོལ་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་རང་ཐག་རང་གཅོད་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་ལམ་འདེམས་གསེས་བྱེད་པར་བརྩི་འཇོག་བྱེད་ཀྱི་ཡོད་པ་དང་། མོང་གོལ་རྒྱལ་ཁབ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐོག་ཕན་ཚུན་ཡིད་ཆེས་སྔར་ལས་ཟབ་པོ་བྱེད་པ་དང་། དངོས་དོན་གཉེར་བའི་མཉམ་ལས་སྔར་བས་ཟབ་སྤེལ། སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་སྤེལ་རེས་ཕུན་སུམ་ཇེ་ཚོགས་བཅས་བྱས་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་ནང་དོན་གསར་པ་རྒྱུན་ཆད་མེད་པར་གསབ་སྣོན་དང་གསོན་ཤུགས་གསར་པ་སྣོན་ཐབས་བྱས་ཐོག་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཀྲུང་མོང་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ལས་ཁེ་ཕན་དངོས་འབྲེལ་དྲང་འབྲེལ་སྔར་ལས་མང་བ་ཐོབ་པར་བྱ་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།