འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཆོས་དད་རང་མོས་ལ་བརྩི་འཇོག་གང་ལེགས་གནང་ཡོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་12ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་༩ཚེས་༩ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་དོན་ལྷན་ཚོགས་ཀྱི་ཁོངས་མི་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དཔལ་ཚེ་རིང་གིས་བོད་ཀྱི་ཆོས་ལུགས་ལས་དོན་སྐོར་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན།མིག་སྔར་བོད་དུ་རིགས་ཁག་གི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་༡༧༨༧ཡོད་པ་དང་དགོན་སྡེའི་གྲྭ་བཙུན་ཁྲི་༤.༦ཡོད་པ་རེད།བོད་རང་སྐྱོང་ལྗོངས་དང་ས་ཁུལ་དང་གྲོང་ཁྱེར་༧ཚང་མར་ནང་བསྟན་མཐུན་ཚོགས་བཙུགས་ཡོད་པ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ནང་བསྟན་སློབ་གླིང་དང་། བོད་ཡིག་དཔེ་ཆ་པར་འདེབས་ཁང་། བོད་ཡིག་མཐུན་ཚོགས་ཀྱི་དུས་དེབ༼བོད་ལྗོངས་ནང་བསྟན༽ཞེས་པ་བཅས་ཡོད་པ་རེད། གྲྭ་བཙུན་གྱིས་དཔེ་ཆ་སྦྱོང་བ་དང་། རྟགས་གསལ་གཏོང་བ། བསླབ་གནས་སྤོར་བ། སྡོམ་པ་ལེན་པ། དབང་བསྐུར་བ། སྒོམ་རྒྱག་པ་སོགས་ཀྱི་སྲོལ་རྒྱུན་ཆོས་ལུགས་བྱེད་སྒོ་རྒྱུན་གཏན་ངང་སྤེལ་བཞིན་ཡོད་པ་རེད། སྤྲུལ་སྐུའི་ཡང་སྲིད་དེ་བོད་ཀྱི་སྲོལ་རྒྱུན་ནང་ཆོས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུན་འཛིན་བྱེད་སྟངས་ཤིག་ཏུ་གྱུར་ཡོད་པ་དང་གསར་དུ་འཁྲུངས་པའི་ཡང་སྲིད་༦༠ལྷག་ཙམ་ལ་ཆོས་ལུགས་ཀྱི་ངེས་སྲོལ་དང་ལོ་རྒྱུས་ཀྱི་གཏན་སྲོལ་ལྟར་ངོས་འཛིན་བྱས་པ་རེད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཕུད་བོད་དུ་ད་དུང་མང་ཚོགས་ཉུང་ཤས་ཀྱིས་དབྱི་སི་ལམ་དང་གནམ་བདག་ཆོས་ལུགས་ལ་དད་པ་བྱེད་ཀྱི་ཡོད་པ་རེད། རང་ལྗོངས་ཀྱི་ཆོས་ལུགས་བྱེད་སྒོ་སྣ་ཚོགས་རྒྱུན་གཏན་ལྟར་སྤེལ་བ་དང་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་དགོས་མཁོ་སྐོང་ནས་ཆོས་དད་རང་མོས་ལ་བརྩི་འཇོག་དང་སྲུང་སྐྱོབ་གང་ལེགས་བྱུང་བ་རེད།
        ཉེ་བའི་ལོ་གསུམ་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་མཐོ་ཚད་ཐོག་ནས་རྒྱུན་གཏན་གྱི་ཆོས་ལུགས་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་བོད་ཀྱི་ཆོས་ལུགས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་“དྲུག་བཙུགས”ལྟེ་བར་བྱས་ཏེ་ལས་བྱེད་པ་དགོན་སྡེར་བཅའ་སྡོད་བྱ་རྒྱུ་རྒྱུན་གཏན་ཅན་དུ་གྱུར་པ་བྱེད་པ་དང“གཅིག་དྲུག”དང་།“ཡོད་པ་དགུ” “ཁྱབ་པ་གཅིག” “གསར་གཏོད་གཅིག”“སློབ་གསོ་གཅིག” “ཞབས་ཞུ་གཅིག” “གསོ་སྦྱོང་གཅིག” “འབྲེལ་གཏུག་གཅིག” “ལས་གྲྭ་གཅིག”སོགས་དགོན་པ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་བྱ་ཐབས་གཙོ་གནད་དུ་བྱས་ཏེ་དགོན་སྡེའི་གྲྭ་བཙུན་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་བྱུང་བས་རྒྱ་ཆེའི་གྲྭ་བཙུན་དང་སྤྱི་ཚོགས་ལས་རིགས་ཁག་གི་བརྩི་སྲུང་དང་དགའ་བསུ་ཐོབ་ནས་རང་ལྗོངས་ཀྱི་ཆོས་ལུགས་འཆམ་མཐུན་དང་།བསྟན་དོན་ལམ་ལྷོངས།བྱེད་སྒོ་བདེ་བླགདགོན་སྡེ་ཞི་མཐུན་བཅས་མངོན་འགྱུར་ཡོང་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།