འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།>>ཞིས་ཅིན་ཕིང་།

    ༄༅།།ཞིས་ཅིན་ཕིང་ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་གྱི་འགོ་གཙོ་ཞལ་འཛོམས་ལ་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་12ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཞིས་ཅིན་ཕིང་ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་གྱི་འགོ་གཙོ་ཞལ་འཛོམས་ལ་ཞུགས་པ།
        མི་དམངས་དྲ་བའི་འཕྲིན། ཟླ་༩ཚེས་༡༡ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཏུའུ་ཧྲང་པིའེ་གྲོང་ཁྱེར་དུ་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཙུང་ཐུང་ཕུའུ་ཅིན་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་དགེ་ལེགས་དཔལ་རྡོ་རྗེ་གཉིས་དང་ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་གྱི་འགོ་གཙོ་ཞལ་འཛོམས་གནང་བ་རེད། ཞིས་ཅིན་ཕིང་གིས་ཀྲུང་ཨུ་མོང་རྒྱལ་ཁབ་གསུམ་ནི་ཁྱིམ་མཚེས་བཟང་པོ་དང་རོགས་ཟླ་བཟང་པོ་ཡིན་ཞིང་། མིག་སྔའི་རྙོག་འཛིང་ཆེ་ཞིང་འགྱུར་བ་མང་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་འོག་རྒྱལ་ཁབ་གསུམ་གྱི་འགོ་གཙོས་ཞལ་འཛོམས་ཐེངས་དང་པོ་བྱས་ནས་ཕན་ཚུན་ཐུགས་ཁུར་བྱེད་པའི་མཉམ་ལས་སྐོར་གྱི་གནད་དོན་མཐུན་སྦྱོར་བྱས་ན། ཕྱོགས་གསུམ་བར་ཕན་ཚུན་ཡིད་ཆེས་ཇེ་ཟབ་བྱུང་ཞིང་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་ལ་སྐུལ་སྤེལ་གཏོང་བ་དང་། ལེགས་ཆ་གསབ་རེས་དང་ཐུན་མོང་དུ་འཕེལ་རྒྱས་ཡོང་བར་བྱས་ནས་ཨེ་ཤེ་ཡའི་བྱང་ཤར་ས་ཁོངས་ཀྱི་མཉམ་ལས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཧ་ཅང་དགོས་ངེས་ཡིན་ལ། དོན་སྙིང་གལ་ཆེན་ཡང་ལྡན་པ་རེད། འགོ་ལེགས་པོ་བརྩམས་པ་དེ་ནི་ཕྱེད་ཀ་ལེགས་འགྲུབ་བྱུང་བ་ཡིན་ཞིང་། ཐེངས་འདིའི་ཞལ་འཛོམས་ཀྱིས་ཕྱིན་ཆད་ཕྱོགས་གསུམ་བར་གྱི་སྔར་ལས་ཇེ་དམ་དུ་སོང་བའི་འབྲེལ་བ་མུ་མཐུད་དེ་འཕེལ་རྒྱས་གཏོང་བར་རྨང་གཞི་ལེགས་པོ་ཞིག་འདིང་རྒྱུ་རེད་ཅེས་ནན་བཤད་གནང་བ་རེད།
         རྒྱལ་ཁབ་གསུམ་གྱི་འགོ་གཙོས་ཕྱིན་ཆད་དགོས་མཁོར་གཞིགས་ཏེ་རྒྱལ་ཁབ་གསུམ་གྱི་འགོ་གཙོ་ཞལ་འཛོམས་མུ་མཐུད་བྱ་རྒྱུར་མོས་མཐུན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།