འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མདོ་སྨད་གཅན་ཚ་ཡུལ་གྱི་སྲོལ་རྒྱུན་མདའ་རྩལ་འགྲན་ཚོགས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་11ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    མཛད་སྒོའི་ཀྲུའུ་ཞིའི་སྟེགས་བུ།
    མཛད་སྒོའི་ཀྲུའུ་ཞིའི་སྟེགས་བུ།
        མི་དམངས་དྲ་བའི་འཕྲིན། ཟླ་༩བའི་ཚེས་༡༠ཉིན། རྒྱལ་ཁབ་ལུས་རྩལ་ཅུས་ཆོག་མཆན་གནང་བ་བརྒྱུད། ཀྲུང་གོའི་མདའ་རྩེད་མཐུན་ཚོགས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། ཀྲུང་གུང་གཅན་ཚའི་རྫོང་ཨུ། གཅན་ཚ་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་འགན་སྒྲུབ་གནང་བའི་༢༠༡༤ལོའི་གཅན་ཚའི་མདའ་རྩེད་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་སྐབས་གསུམ་པ་དེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་མདའ་རྩེད་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། ཐེངས་འདིའི་འགྲན་བསྡུར་ནང་རྒྱལ་ཁབ་ཕྱི་ནང་དང་། ཞིང་ཆེན་ཕྱི་ནང་གི་འགྲན་ཞུགས་རུ་ཁག་༡༢༡གི་ལུས་རྩལ་པ་༡༥༦༡ཞུགས་ཡོད། དེའི་ནང་ཕྱི་རྒྱལ་གྱི་འགྲན་ཞུགས་རུ་ཁག་༩དང་རུ་མི་༤༩ཡོད་པ་རེད།
    འགོ་ཚུགས་མཛད་སྒོ།
    འགོ་ཚུགས་མཛད་སྒོ།
    འགོ་ཚུགས་མཛད་སྒོ།
    འགོ་ཚུགས་མཛད་སྒོ།
      

    ཕྱོགས་བསྡུས་གསར་འགྱུར།