འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཚབ་ཁྲིད་དགེ་རྒན་འཕྲིན་ལས་རྒྱ་མཚོ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་12ཉིན། 08:48】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    དགེ་རྒན་འཕྲིན་ལས་རྒྱ་མཚོས་སློབ་ཁྲིད་བྱེད་བཞིན་པ།
    དགེ་རྒན་འཕྲིན་ལས་རྒྱ་མཚོས་སློབ་ཁྲིད་བྱེད་བཞིན་པ།
        མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཆབ་མདོ་ས་ཁུལ་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་སློབ་ཆུང་གི་ཚབ་ཁྲིད་དགེ་རྒན་འཕྲིན་ལས་རྒྱ་མཚོ་ནི་ཆུང་དུས་ནས་བྱིས་པའི་སྦྲིད་ནད་ཕོག་ཡོད་པའི་རྐྱེན་གྱིས་ཀྲོང་ངེར་ལངས་ནས་འགྲོ་དཀའ། འོན་ཀྱང་ཆུང་དུས་ནས་སློབ་ལ་བརྩོན་པས་ཕུལ་བྱུང་གི་སྦྱངས་འབྲས་ཐོབ་ནས་ལྷོ་རོང་རྫོང་སློབ་འབྲིང་དུ་རྒྱུགས་འཕྲོད་པ་དང་། སློབ་འབྲིང་ནས་ཐོན་རྗེས་ནད་གཞིའི་རྐྱེན་གྱིས་མུ་མཐུད་སློབ་གྲྭར་འགྲོ་ཐབས་བྲལ་ནས་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་སློབ་ཆུང་གི་ཚབ་ཁྲིད་དགེ་རྒན་ལ་བཀོད་སྒྲིག་བྱས། ལོ་ངོ་༣༤རིང་འཕྲིན་ལས་རྒྱ་མཚོས་དགེ་རྒན་གྱི་ལས་གནས་ཐོག་ཧུག་ཐག་གིས་སློབ་མ་གང་མང་སྐྱེད་སྲིང་བྱས། ཡིན་ནའང་རྐང་པ་ཐང་པོ་མེད་སྟབས་མི་གཞན་དང་བསྡུར་ན་དེ་བས་དཀའ་སྡུག་མྱོང་དགོས་ཀྱི་ཡོད། ལོ་མང་རིང་འབད་བརྩོན་བྱས་པ་བརྒྱུད་ཁོང་ལ་སློབ་མ་དང་ཁྱིམ་བདག་གི་བརྩི་བཀུར་ཐོབ་ནས་ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་གི་འཛིན་གྲྭའི་ཀྲུའུ་རེན། ཕུལ་བྱུང་གུང་ཁྲན་ཏང་ཡོན་སོགས་ཀྱི་མཚན་སྙན་ཐེངས་མང་ཐོབ་ཡོད་པ་རེད།
    དགེ་རྒན་འཕྲིན་ལས་རྒྱ་མཚོས་སློབ་ཁྲིད་བྱེད་བཞིན་པ།
    དགེ་རྒན་འཕྲིན་ལས་རྒྱ་མཚོས་སློབ་ཁྲིད་བྱེད་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།