འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།་ཞིས་ཅིན་ཕིང་གིས་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་12ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།་ཞིས་ཅིན་ཕིང་གིས་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་བ།
        མི་དམངས་དྲ་བའི་འཕྲིན། ཟླ་༩ཚེས་༡༡ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཏུའུ་ཧྲང་པིའེ་གྲོང་ཁྱེར་དུ་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་བ་རེད། ཞིས་ཅིན་ཕིང་གིས་ཉེ་དུས་ང་ཚོས་ཧྲང་ཧའེ་གྲོང་ཁྱེར་དང་པར་ཙིར་རྒྱལ་ཁབ་ཀྱི་ཧྥུ་ཐ་ལའེ་ས་གྲོང་ཁྱེར་དུ་ཐུག་འཕྲད་ཐེངས་གཉིས་བྱས་ནས་མཉམ་ལས་བྱ་རྒྱུའི་ཐད་ཀྱི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་ཞིང་། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་སྡེ་ཁག་ཁག་དང་ས་གནས་ཁག་གིས་ཧུར་བརྩོན་ཆེན་པོས་དོན་ཐོག་ཏུ་འཁྱོལ་བར་བྱེད་བཞིན་ཡོད་དེ་ཀྲུང་ཨུ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་ཚུལ་ལ་ངར་ཤུགས་ལྡན་པར་གྱུར་ཡོད། མིག་སྔར་ཕྱོགས་གཉིས་ཀྱིས་སེམས་རྩ་འཁོལ་པོས་མྱུར་བགྲོད་ལྕགས་ལམ་ཐད་མཉམ་ལས་བྱེད་དོན་ཞིབ་དཔྱད་བྱེད་བཞིན་ཡོད་པ་དང་། འཁོར་སྐར་ཕྱོགས་སྟོན་མ་ལག་ཐད་ཀྱི་མཉམ་ལས་ལས་དོན་སྤེལ་འགོ་ཚུགས་ཤིང་། མཉམ་འབྲེལ་བྱས་ཏེ་ཐག་རིང་འཕུར་སྐྱོད་ཤོང་རྒྱ་ཆེ་བའི་འགྲུལ་སྐྱེལ་གནམ་གྲུ་དང་ཐད་འཕུར་གནམ་གྲུ་ཆེ་གྲས་ཞིབ་འཇུག་གིས་གསར་བཟོ་བྱ་རྒྱུ་ལ་སོགས་པའི་ལས་གཞི་ཆེ་གྲས་ཐད་ཀྱི་མཉམ་ལས་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། ངས་མུ་མཐུད་དེ་སྐུ་ཉིད་དང་འབྲེལ་བ་དམ་པོ་བྱས་ནས་ཕྱོགས་གཉིས་བར་ཕན་ཚུན་རྒྱབ་སྐྱོར་བྱེད་རྒྱ་ཇེ་ཆེར་གཏོང་བ་དང་། ཕན་ཚུན་བར་སྒོ་འབྱེད་རྒྱ་ཇེ་ཆེར་བཏང་ནས་ཕན་ཚུན་ཤུགས་སྣོན་རྒྱག་རེས་བྱས་ཐོག་མཉམ་དུ་ཕྱི་ཕྱོགས་ནས་ཡོང་བའི་ཉེན་ཁར་བཀག་འགོག་དང་འགྲན་སློང་ལ་ཁ་གཏད་འཇལ་ཏེ་སོ་སོ་འཕེལ་རྒྱས་ཆེན་པོ་ཡོང་བར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།