འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།དགེ་དཔེ་གཞན་སྟོན་བྱས་ནས་ཤེས་ལྡན་པ་གསོ་སྐྱོང་ཡག་པོ་བྱེད་དགོས།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་11ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དགེ་དཔེ་གཞན་སྟོན་བྱས་ནས་ཤེས་ལྡན་པ་གསོ་སྐྱོང་ཡག་པོ་བྱེད་དགོས།
         མི་དམངས་དྲ་བའི་འཕྲིན། ཟླ་༩ཚེས་༧ཉིན་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་དགེ་རྒན་གྱི་ལས་དོན་ཚོགས་འདུ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་ལ་མི་སྒེར་གྱི་ཕུགས་འདུན་དང་ལས་གནས་ལས་ཀ་གཉིས་མེས་རྒྱལ་འཕེལ་རྒྱས་གཏོང་རྒྱུ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་གཉིས་དང་ཟུང་འབྲེལ་དམ་པོ་བྱས་ཏེ་སློབ་ཁྲིད་ལེགས་པོ་དང་ཤེས་ལྡན་པ་གསོ་སྐྱོང་ཡག་པོ་བྱ་རྒྱུ་དེ་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བའི་ལས་འགན་དུ་བརྩིས་པ་དང་། དགེ་དཔེ་གཞན་སྟོན་བྱ་རྒྱུ་དེ་བརྩོན་གཉེར་ལྷོད་མེད་བྱེད་པའི་ཀུན་སྤྱོད་བཟང་པོར་བརྩིས་པ། ནམ་འཚོའི་བར་དུ་སློབ་སྦྱོང་བྱ་རྒྱུ་དེ་མི་ཚེ་རིང་ཡར་རྒྱས་འགྲོ་བའི་སྐས་རིམ་གལ་ཆེན་ཞིག་ཏུ་བརྩིས་པ་བཅས་བྱ་དགོས་པའི་རེ་འདུན་བཏོན་པ་རེད།
         ཚོགས་འདུའི་ཐོག་སློབ་གསོའི་ལས་གནས་དངོས་ནས་དགེ་རྒན་གྲགས་ཅན་དང་སློབ་གཙོ་གྲགས་ཅན་གསོ་སྐྱོང་བྱ་དགོས་པ་མ་ཟད། འདི་ལོའི་སྟོན་དུས་སློབ་འགོ་ཚུགས་པ་ནས་བཟུང་བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཡོད་ཚད་ཀྱི་སློབ་གཙོ་དང་ཧྲུའུ་ཅི་ཡིས་དངོས་སུ་སློབ་ཁྲིད་བྱ་དགོས་པ་དང་། སློབ་ཁྲིད་བྱེད་པའི་ལག་ལེན་དངོས་ཀྱི་ཁྲོད་ནས་སློབ་མའི་བསམ་བློ་དང་སློབ་ཁྲིད་ཐད་ཀྱི་མི་འདང་བ་སོགས་ཤེས་རྟོགས་ཡོང་བར་བྱ་དགོས་ཞེས་བཏོན་པ་རེད།
    ༄༅།།དགེ་དཔེ་གཞན་སྟོན་བྱས་ནས་ཤེས་ལྡན་པ་གསོ་སྐྱོང་ཡག་པོ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།