འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་ལོ་༢༠༡༥ལོའི་དམག་དཔུང་གི་ཞི་དཔོན་བསྡུ་བའི་ལས་དོན་ཁྱོན་ཡོངས་ནས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་03ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ཁྱབ་ཆབ་སྲིད་པུའི་ལས་བྱེད་པུས་ཉེ་ཆར་བརྡ་ཐོ་བཏང་ནས། སྤྱི་ལོ་༢༠༡༥ལོའི་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཞི་དཔོན་གཅིག་གྱུར་ཐོག་བསྡུ་བའི་ལས་དོན་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ད་རེས་ཀྱི་མི་སྣ་བསྡུ་རྒྱུ་དེ་ཐེངས་དང་པོའི་གཅིག་གྱུར་མི་སྣ་བསྡུས་པ་ཕྱོགས་བསྡོམས་བྱེད་པའི་རྨང་གཞིའི་ཐོག ལས་དོན་གོ་རིམ་ལེགས་བཅོས་བྱེད་པ་དང་། མི་སྣ་བསྡུ་རྒྱུ་གསབ་སྣོན་བྱེད་པའི་ལྷུ་ཚིགས་མང་དུ་གཏོང་བ། མི་སྣ་བསྡུ་བའི་ཆ་རྐྱེན་ཞིབ་ཕྲ་བཟོ་བ། ཚན་ཁག་མཐུན་ཚད་འཐུས་སྒོ་ཚང་དུ་གཏོང་བ། ཡིག་རྒྱུག་རྩ་འཛིན་བཟོ་བཅོས་བྱེད་པ་སོགས་ཀྱི་ཐད་ལེགས་བཅོས་ཁ་གསབ་བྱས་ནས། ཤེས་ལྡན་མི་སྣ་འདམས་པའི་སྤུས་ཚད་དང་གཅིག་གྱུར་མི་སྣ་བསྡུ་བའི་ལས་དོན་གྱི་ཕན་འབྲས་སྔར་བས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། མི་སྣ་བསྡུ་བའི་ཆ་འཕྲིན་དེ་སྤྱི་ལོ་༢༠༡༤ལོའི་ཟླ་བ་༩པའི་ཚེས་༢ཉིན་གྱི་ཆུ་ཚོད་༨པ་ནས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད། མི་སྣ་བསྡུ་བའི་རྒྱུག་ལེན་ནང་ཞུགས་མཁན་མི་སྣས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་དྲ་ཐོག་ཏུ་ཐོ་འགོད་བྱས་ཆོག་གི་ཡོད་པ་དང་། མི་བསྡུ་བའི་ཡིག་རྒྱུག་ནང་ཞུགས་རྒྱུའི་ཐོ་འགོད་བྱེད་པའི་དུས་ཚོད་ནི་སྤྱི་ལོ་༢༠༡༤ལོའི་ཟླ་བ་༩པའི་ཚེས་༡༡ཉིན་གྱི་ཆུ་ཚོད་༨པ་ནས་སྤྱི་ཚེས་༡༦ཉིན་གྱི་ཆུ་ཚོད་༡༨བར་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།