འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲང་ཀའོ་ལི་ཡིས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་བར་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་
    ཀྱི་ནུས་ཁུངས་པུའུ་ཀྲང་ཚོགས་འདུ་དང་ཚོགས་འདུར་ཞུགས་པའི་འཐུས་ཚབ་རྣམས་ལ་
    མཇལ་འཕྲད་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་03ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཀྲང་ཀའོ་ལི་ཡིས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་བར་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་
ཀྱི་ནུས་ཁུངས་པུའུ་ཀྲང་ཚོགས་འདུ་དང་ཚོགས་འདུར་ཞུགས་པའི་འཐུས་ཚབ་རྣམས་ལ་
མཇལ་འཕྲད་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ།
        མི་དམངས་དྲ་བའི་འཕྲིན། ཟླ་༩ཚེས་༢ཉིན་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་བར་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སྐབས་བཅུ་གཅིག་པའི་ནུས་ཁུངས་པུའུ་ཀྲང་ཚོགས་འདུ་པེ་ཅིན་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཡིས་ཚོགས་འདུར་ཞུགས་པའི་ཁོངས་ཞུགས་དཔལ་འབྱོར་དངོས་ཚན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་༢༡དང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་དཔོན་རིགས་ཚོར་མཇལ་འཕྲད་གནང་བ་མ་ཟད།ཚོགས་འདུ་འཚོག་འགོ་ཚུགས་པའི་མཛད་སྒོའི་ཐོག་ཤིས་ཚིག་ཀྱང་གསུངས་པ་རེད།
         ཀྲང་ཀའོ་ལི་ཡིས་ཨ་ཤེ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་ནི་འཛམ་གླིང་ཡོངས་སུ་འཕེལ་རྒྱས་གསོན་ཤུགས་དང་བག་ཉལ་སྟོབས་ཤུགས་ཆེ་ཤོས་ལྡན་པའི་ས་ཁུལ་ཡིན་པས། དཔལ་འབྱོར་འཕར་སྣོན་ཆེས་ཆེར་འགྲོ་བ་དང་དུས་མཚུངས་སུ་ནུས་ཁུངས་འཛད་སྤྱོད་བྱས་ཚད་ཀྱང་རྒྱུན་མཐུད་ངང་མང་དུ་འགྲོ་བཞིན་ཡོད། ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པའི་ནུས་ཁུངས་ཐད་ཀྱི་ཉེན་ཁ་དང་སྣོད་བཅུད་ཁོར་ཡུག་གྱི་འགྲན་སློང་གྱི་མདུན་དུ་ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལེགས་འགྱུར་གང་མགྱོགས་གཏོང་དགོས་པ་དང་། སྣ་མང་དང་། གྲོན་ཆུང་། གནོད་མེད། ཐཱན་ཉུང་བཅས་ཀྱི་ལམ་ནས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་ཐབས་ལམ་འཚོལ་ཞིབ་བྱ་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།