འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་གསར་འགོད་པ་གཅིག་དབྱི་སི་ལན་རྒྱལ་ཁབ་ཏུ་བསད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་03ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        དབྱི་སི་ལན་རྒྱལ་ཁབ་ཟེར་བའི་ཐལ་སྐྱོད་སྒྲིག་བཙུགས་དེས་ཉིན་དེར་དྲ་སྦྲེལ་ཐོག་ཏུ་སྤེལ་བའི་བརྙན་ཕབ་གཅིག་ལས་གསལ་བར། སྒྲིག་བཙུགས་དེས་བཀག་ཉར་བྱས་པའི་ཨ་རིའི་གསར་འགོད་པ་ཧྲེ་ཏི་ཝན་སོ་ཐེ་ལོ་ཕུ་བསད་ཟིན་ཡོད་པ་རེད།
        ད་ལོ་ལོ་སུམ་ཅུ་སོ་གཅིག་ལ་སོན་པའི་སོ་ཐེ་ལོ་ཕུ་ནི་སྤྱི་ལོ༢༠༡༣ལོར་སི་རི་ཡའི་མངའ་ཁོངས་ནས་གར་སོང་ཆ་མེད་དུ་གྱུར་བ་དང་། ད་ལོའི་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་དབྱི་སི་ལན་རྒྱལ་ཁབ་ཟེར་བའི་ཐལ་སྐྱོད་སྒྲིག་བཙུགས་དེས་དྲ་སྦྲེལ་ཐོག་ཨ་རིའི་གསར་འགོད་པ་ཀྲན་མུ་སེ་ཧྥུ་ལི་བསད་པའི་བརྙན་ཕབ་ཁྱབ་བསྒྲགས་བྱས་པ་དང་། བརྙན་ཕབ་དེའི་མཇུག་ཏུ་སོ་ཐེ་ལོ་ཕུའི་གཟུགས་བརྙན་མངོན་ཡོད་པ་རེད། ཧྥུ་ལེ་བསད་རྗེས་སོ་ཐེ་ལོ་ཕུའི་ཨ་མས་དབྱི་སི་ལན་རྒྱལ་ཁབ་ཟེར་བ་དེའི་འགོ་ཁྲིད་ལ་རང་ཉིད་ཀྱི་བུ་མི་གསོད་རྒྱུའི་རེ་འབོད་བྱས་ཡོད་པ་རེད།
        གཞན་ཡང་དབྱིན་ཇིའི་གསར་འགྱུར་ལས་རིགས་ཀྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། བརྙན་ཕབ་ནང་དབྱི་སི་ལན་རྒྱལ་ཁབ་ཟེར་བ་དེའི་དྲག་ཆས་པས་ད་དུང་བཙན་ཁྲིད་བྱས་པའི་མི་གཏ་གཞན་ཞིག་གསོད་རྒྱུའི་འཇིགས་སྐུལ་བྱས་པ་དང་། མི་གཏེ་དེ་ནི་དབྱིན་ཇི་བ་རེད་ཅེས་བཤད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།