འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ལིའུ་ཡུན་ཧྲན་གྱིས་ཡོ་རོབ་གླིང་སྤྱི་ཚོགས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་03ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ལིའུ་ཡུན་ཧྲན་གྱིས་ཡོ་རོབ་གླིང་སྤྱི་ཚོགས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་༩ཚེས་༢ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་པེ་ཅིན་དུ་ཀྲུའུ་ཞི་སི་ཐ་ཉི་ཧྲེ་ཧྥུ་ཡིས་སྣེ་ཁྲིད་གནང་བའི་ཡོ་རོབ་གླིང་སྤྱི་ཚོགས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ་རེད། ལིའུ་ཡུན་ཧྲན་གྱིས་ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་ཡོའི་བར་གྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་ཀྱི་ཡོད་ཅིང་། ཡོ་རོབ་གླིང་ཕྱོགས་དང་མཉམ་དུ་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཡོ་རོབ་གླིང་ཕྱོགས་ཀྱི་འགོ་ཁྲིད་བར་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་བ་དོན་ཐོག་ཏུ་འཁྱོལ་ནས་ཞི་བདེ་དང་། འཕར་སྣོན། བསྒྱུར་བཅོས།དཔལ་ཡོན་དར་སྤེལ་བཅས་པའི་རོགས་ཟླའི་འབྲེལ་བ་ཆེན་པོ་བཞི་འཛུགས་སྐྱོང་བྱ་རྒྱུར་དམིགས་ནས་༼ཀྲུང་ཡོའི་བར་མཉམ་ལས་བྱ་རྒྱུའི་༢༠༢༠ལོའི་འཐབ་ཇུས་ཀྱི་འཆར་འགོད་༽ལག་ལེན་བསྟར་ཏེ་ཁྱབ་ཁོངས་ཁག་ཏུ་དངོས་དོན་གཉེར་བའི་མཉམ་ལས་ཟབ་སྤེལ་བྱ་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།