འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་གིས་རོ་མ་ནི་ཡ་རྒྱལ་ཁབ་ཀྱི་ཙུང་ལི་ཕེང་ཐ་ལ་མཇལ་འཕྲད་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་03ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཞིས་ཅིན་ཕིང་གིས་རོ་མ་ནི་ཡ་རྒྱལ་ཁབ་ཀྱི་ཙུང་ལི་ཕེང་ཐ་ལ་མཇལ་འཕྲད་གནང་བ།
        མི་དམངས་དྲ་བའི་འཕྲིན། ཟླ་༩ཚེས་༢ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་རོ་མ་ནི་ཡ་རྒྱལ་ཁབ་ཀྱི་ཙུང་ལི་ཕེང་ཐ་ལ་མཇལ་འཕྲད་གནང་ཞིང་། ཞིས་ཅིན་ཕིང་གིས་ཀྲུང་རོ་རྒྱལ་ཁབ་གཉིས་བར་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ལྷག་བསམ་ཟོལ་མེད་ཀྱི་སྤྱོད་ཚུལ་འཛིན་པ། སྐྱིད་སྡུག་མཉམ་མྱོང་བཅས་བྱས་ཏེ་ཀྲུང་རོ་རྒྱལ་ཁབ་གཉིས་བར་མཛའ་བཤེས་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་ནས་འབྲས་བུ་གཡུར་ཟ་བ་ཐོབ་ཡོད། ཀྲུང་གོའི་ཕྱོགས་ཀྱིས་རོ་མ་ནི་ཡའི་ཕྱོགས་ཀྱིས་ཀྲུང་གའོ་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་གལ་ཆེན་བྱེད་པའི་གནད་དོན་ཐད་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བར་བསྟོད་ར་ཚད་མཐོན་པོ་བྱེད་ཀྱི་ཡོད། ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་༦༥འཁོར་བའི་ལོ་དང་ཕྱོགས་ཡོངས་ཀྱི་མཛའ་མཐུན་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་༡༠འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ནས་མདུན་དུ་བསྐྱོད་དེ་ཀྲུང་རོ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།