འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་༢༠རིང་ཆུ་བེད་པུས་བོད་ལྗོངས་ཀྱི་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་སྒོར་
    དུང་ཕྱུར་༣༠༠བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་03ཉིན། 07:59】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཆུ་བེད་པུས་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་༢༠རིང་རིམ་རྩིས་བྱས་ན་བོད་ལྗོངས་སུ་ཆུ་བེད་རྣམ་གྲངས་༡༠༠༠ལྷག་ཙམ་བཀོད་སྒྲིག་མཐུན་སྦྱོར་བྱས་པ་མ་ཟད། ད་དུང་མ་དངུལ་སྒོར་དུང་ཕྱུར་༣༠༠ཙམ་བཏང་ནས་བོད་ལྗོངས་ཀྱི་ཆུ་བེད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་བྱ་ཕྱིར་སྐུལ་འདེད་ནུས་ལྡན་བཏང་ཡོད། དེ་བཞིན་ཆུ་བེད་ཀྱི་གཙོ་གནད་རྣམ་གྲངས་ཁག་གཅིག་འཛུགས་སྐྲུན་བྱས་པ་དང་སྦྲགས་བོད་ལྗོངས་ཀྱི་ཆུ་བེད་སྒྲིག་བཀོད་ཀྱི་རྨང་གཞི་རྗེས་ལུས་ཡིན་པའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་སྟེ་ཆུ་མཁོ་འདོན་དང་། ཆུ་འདྲེན་གཏོང་། ཆུ་ལོག་སྔོན་འགོག་སོགས་ཀྱི་འཐུས་སྒོ་ཚང་བའི་ཆུ་བེད་ནུས་པའི་མ་ལག་ཅིག་རགས་ཙམ་ཆགས་ཡོད་པ་རེད། དུས་མཚུངས་སུ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་འདུ་འགོད་ལག་བསྟར་གྱིས་ཆུ་ཁུངས་འཚོལ་བ་དང་། བྲག་ཆུ་འདྲེན་པ། ཁྲོན་པ་འདྲུ་བ་སོགས་ཀྱི་ལས་སྒོ་སྤེལ་ཏེ་གཅིག་སྡུད་རྣམ་པའི་ཆུ་མཁོ་འདོན་འདུ་འགོད་ལག་ལེན་བསྟར་ཡུལ་ཁྲི་༠.༧༥དང་ཁ་འགྲེམས་རྣམ་པའི་ཆུ་མཁོ་འདོན་འདུ་འགོད་ལག་བསྟར་ཡུལ་ཁྲི་༡.༣འཛུགས་སྐྲུན་བྱས་ནས་བོད་ལྗོངས་ཀྱི་ཞིང་འབྲོག་པ་ཁྲི་༢༣༩ལ་ཆུ་གཙང་མ་འཐུང་རྒྱུ་ཡོད་པ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།