མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་དང་ཀག་ནའི་ཙུང་ཐུང་ཨ་ཁུའུ་ཕུའུ·ཨ་ཏུའོ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཀག་ནའི་དབར་ཕྱི་འབྲེལ་
བཙུགས་ནས་ལོ་60འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་07ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀག་ནའི་ཙུང་ཐུང་ཨ་ཁུའུ་ཕུའུ·ཨ་ཏུའོ་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་སྟེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་ཀྲུང་ཀག་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་ཚུན། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་སྔར་ལས་སྲ་ཞིང་བརྟན་པོ་བྱུང་བ་དང་དངོས་སྒྲུབ་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་ཀག་དབར་གྱི་མཉམ་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་ཞིག་ཐོན་པ་མ་ཟད། ཕྱོགས་གཉིས་པོའི་མི་དམངས་ལའང་དངོས་གནས་དྲང་གནས་ཀྱི་ཕན་པ་ཐོབ་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཀྲུང་གོ་ཕྱོགས་ཀྱིས་ཀག་ན་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ལྟ་རེས་སྐྱོང་རེས་དང་ཐུན་མོང་ཐོག་རིམས་ནད་ལ་འགོག་རྒོལ་བྱས་ནས་དཀའ་སྡུག་མཉམ་མྱོང་གི་ཀྲུང་ཀག་སྤུན་ཟླའི་བརྩེ་སེམས་མངོན་པར་བྱས་ཡོད། ངས་ཀྲུང་ཀག་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ཨ་ཁུའུ་ཕུའུ·ཨ་ཏུའོ་དང་ལྷན་དུ་འབད་བརྩོན་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བ་གོ་སྐབས་སུ་བྱས་ནས་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་དར་སྤེལ་གཏོང་བ། “རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་སྐྲུན་པ་དང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་བྱས་ནས་སྔར་བས་ཟབ་པའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་འཁོད་ཡོད་པ་རེད།
     ཨ་ཁུའུ་ཕུའུ·ཨ་ཏུའོ་ཡིས་བཏང་གནང་བའི་གློག་འཕྲིན་ནང་ཙུང་ཐུང་ཨེན་ཁེ་ལུའུ་མཱ་དང་། ཀྲུའུ་ཞི་མའོ་ཙེ་ཏུང་། ཙུང་ལི་ཀྲོའུ་ཨེན་ལའེ་སོགས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཚོས་ཀག་ཀྲུང་དབར་གྱི་མཛའ་གྲོགས་འབྲེལ་བ་ཐུན་མོང་ཐོག་གཏོད་གནང་ཡོད། ལོ་60ཡི་རིང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་དམ་ཟབ་བྱུང་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། ཕྱོགས་གཉིས་པོས་ཞི་བདེ་དང་། གཞུང་དྲང་། འདྲ་མཉམ་བཅས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་ཕྱིར་འབད་བརྩོན་བྱས་དང་བྱེད་བཞིན་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྨད་དུ་བྱུང་བའི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གནང་ཡོད་ལ་ཀྲུང་གོས་ཀག་ན་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་གིས་རིམས་འགོག་བྱེད་པར་རོགས་རམ་དང་རྒྱབ་སྐྱོར་བྱས་པར་རྒྱལ་སྤྱིའི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད། རྒྱལ་སྤྱིས་མཐུན་སྒྲིལ་མཉམ་ལས་ཀྱིས་རིམས་འགོག་བྱེད་པར་ཀག་ན་ཡིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་དང་། འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ། རྒྱལ་ཁབ་གཉིས་པོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་བཅས་ཀྱི་རེ་སྒུག་བྱེད་བཞིན་ཡོད་ཅེས་འཁོད་ཡོད་པ་རེད།

  
style="display:none;"