མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཅི་ལི་པ་སིའི་ཙུང་ཐུང་མཱ་མའོ་ཡིས་ཙུང་ཐུང་གི་འགན་མུ་མཐུད་བཞེས་པར་
རྟེན་འབྲེལ་གློག་འཕྲིན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་30ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐ་ནེ་ཤིས·མཱ་མའོ་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་ནས་ཁོང་གིས་ཅི་ལི་པ་སིའི་ཙུང་ཐུང་གི་འགན་མུ་མཐུད་བཞེས་པར་རྟེན་འབྲེལ་ཞུས་པ་རེད།
    ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཀྲུང་ཅི་རྒྱལ་ཁབ་གཉིས་པོ་2019ལོའི་ཟླ་9པ་ནས་ཕྱི་འབྲེལ་གྱི་འབྲེལ་བ་སླར་གསོ་བྱས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད། འདི་ལོའི་ཟླ་དང་པོར་ཙུང་ཐུང་མཱ་མའོ་ཡིས་ཀྲུང་གོར་འཚམས་འདྲི་གནང་ནས། ང་ཚོ་ཕན་ཚུན་དབར་གྲུབ་འབྲས་ལྡན་པའི་ངང་ཐུག་འཕྲད་བྱས་ཡོད། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད། ཀྲུང་ཅི་རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་གྲོགས་སླར་ཡང་མངོན་ཡོད། ངས་ཀྲུང་ཅིའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་ཙུང་ཐུང་མཱ་མའོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་ཅིའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་འདོད་ཡོད། 

  
style="display:none;"