མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཧར་པིན་བཟོ་ལས་སློབ་ཆེན་བཙུགས་ནས་ལོ་100འཁོར་བར་རྟེན་འབྲེལ་
འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་09ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཧར་པིན་བཟོ་ལས་སློབ་ཆེན་བཙུགས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུས་གནང་བ་དང་། སློབ་གྲྭ་དེའི་དགེ་སློབ་ལས་བཟོ་དང་སློབ་གྲྭའི་མཆེད་གྲོགས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
    ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་། ཧར་པིན་བཟོ་ལས་སློབ་ཆེན་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན། ཏང་གི་འགོ་ཁྲིད་འོག་སློབ་གྲྭས་བྱང་ཤར་དུ་གཞི་ཚུགས་པ་དང་། རྒྱལ་གཅེས་ལེགས་སྐྱེས་འབུལ་བ། དཀའ་སྤྱད་ལས་གཏོད་བཅས་བྱས་ནས། རྒྱལ་ཁབ་ཀྱི་མཆོག་ནོར་འབོར་ཆེན་བཟོས་པ་དང་ཕུལ་བྱུང་གི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཏེ། ཏང་དང་མི་དམངས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་གནང་ཡོད།
    ཞི་ཅིན་ཕིང་གིས་ཧར་པིན་བཟོ་ལས་སློབ་ཆེན་གྱིས་འགོ་འཛུགས་ས་གསར་པའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམ་པོར་དམིགས་པ། དཔེ་ཁྲིད་མི་སྐྱོང་དང་ཚན་ཞིབ་འགག་སྒྲོལ་སོགས་ཀྱི་ལས་དོན་ཁྲོད་རྒྱུན་ཆད་མེད་པར་སྒྱུར་བཅོས་གསར་གཏོད་དང་། འབད་འབུངས་ཡར་བརྩོན། ཕུལ་བྱུང་དོན་གཉེར་བཅས་བྱས་ནས།“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཧུར་ཐག་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།
   ཧར་པིན་བཟོ་ལས་སློབ་ཆེན་ནི་1920ལོར་བཙུགས་པ་དང་1954ལོར་རྒྱལ་ཁབ་ཀྱི་ཁག་དང་པོའི་གཙོ་གནད་འཛུགས་སྐྲུན་གྱི་མཐོ་སློབ་དྲུག་ནང་ཚུད་ཡོད། ལོ་མང་རིང་། སློབ་གྲྭར“རྨང་གཞི་བརྟན་པ་དང་། ལག་ལེན་ཆེ་བ། བརྒྱུད་རིམ་ནན་པ། གསར་གཏོད་དོན་གཉེར”བཅས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཁྱད་ཆོས་ལྡན་ཡོད་ལ། ཕུལ་བྱུང་གི་ཤེས་ལྡན་མི་སྣ་ཁག་ཅིག་སྐྱེད་སྲིང་བྱས་ཡོད་པ་རེད། 

  
style="display:none;"