མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་08ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་5ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱིས་ཆུ་ཚད་མཐོ་བའི་འཐབ་ཇུས་མཐུན་སྦྱོར་རྒྱུན་འཁྱོངས་བྱས་ཡོད། མིག་སྔར་གོ་ལ་ཧྲིལ་པོའི་རིམས་ནད་ཁྱབ་མཆེད་འགྲོ་ཚུལ་བཀག་འགོག་ནུས་ལྡན་ཐུབ་མེད། རིམས་ནད་ཆེན་པོའི་མདུན་དུ་མཐུན་སྒྲིལ་མཉམ་ལས་ནི་ཡང་དག་པའི་ལམ་བུ་ཡག་ཤོས་དེ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ནས་རིམས་ནད་འགོག་རྒྱུར་ཀྲུང་གོ་དང་ཧྥ་རན་སེས་མུ་མཐུད་ཐུན་མོང་ཐོག་རྒྱབ་སྐྱོར་བྱས་ཏེ་མཐར་གོ་ལ་ཧྲིལ་པོ་རིམས་ནད་ལས་རྣམ་པར་རྒྱལ་ཆེད“ཀྲུང་ཧྥའི་ལེགས་སྐྱེས”འབུལ་དགོས། རྒྱལ་ཁབ་གཉིས་པོའི་སྒྲིག་གཞིས་མཉམ་འབྲེལ་ཞིབ་འཇུག་ལ་སྐུལ་འདེད་གཏོང་བ་དང་། རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པ། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་དོན་གསུམ་པའི་ཐུན་མོང་གི་ངོས་འཛིན་གང་མགྱོགས་དོན་འཁྱོལ་བྱེད་པ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་གོ་དང་། ཧྥ་རན་སེ། ཨ་ཧྥེ་རི་ཁ་བཅས་ཕྱོགས་གསུམ་གྱི་རིམས་འགོག་མཉམ་ལས་སྔར་ལས་མང་བ་སྤེལ་བ། ཨ་ཧྥེ་རི་ཁ་སོགས་དར་རྒྱས་མེད་པའི་ས་ཁུལ་དང་རྒྱལ་ཁབ་ཀྱི་རིམས་འགོག་ལ་རྒྱབ་སྐྱོར་བཅས་བྱེད་དགོས། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ངས་ཁྱེད་དང་འབྲེལ་གཏུག་དམ་ཟབ་བྱས་ཏེ་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་རིམས་ནད་ལ་དམིགས་ནས་དུས་མཚམས་རྗེས་མའི་རིམ་པ་ཁག་གི་འགྲོ་འོང་འཆར་འགོད་ཡག་པོ་བྱེད་པ་དང་། སྐད་ཆ་ཤོད་རེས་དང་སྤེལ་རེས་བརྟན་པོ་དང་། གོ་རིམ་ལྡན་པ། བབ་བསྟུན་བཅས་བྱེད་དགོས། རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོ་ཡོང་བའི་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་དང་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་དགོས་ལ། གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་རྒྱ་ཆེར་གཏོང་དགོས། ཀྲུང་གོའི་ཁྲོམ་ར་ཧྥ་རན་སེར་སྒོ་མོ་ཕྱེ་ཡོད་པས། ཧྥ་རན་སེ་ཕྱོགས་ཀྱིས་ཚོང་དོན་མི་སྣ་ཀྲུང་གོར་ཡོང་བའི“མྱུར་བགྲོད་བགྲོད་ལམ”ཡག་པོ་སྤྱད་དེ་ཀྲུང་གོར་ཡོད་པའི་ཧྥ་རན་སེའི་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་རོགས་རམ་བྱེད་པ་དང་དུས་མཚུངས་ཀྲུང་གོའི་ཁེ་ལས་ལ་གཞུང་དྲང་དང་མཐོང་ཆུང་མི་བྱེད་པའི་ཚོང་གཉེར་ཁོར་ཡུག་ཅིག་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་ནི་རྒྱ་ཁྱབ་ཀྱི་ཐུན་མོང་ཁེ་ཕན་ལྡན་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་གཞི་གཅིག་ཅན་འཕེལ་རྒྱས་བྱུང་བར་དགའ་ཚོར་བྱེད་ཀྱི་ཡོད། ཡོ་རོབ་ཕྱོགས་དང་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་ཆབ་སྲིད་གྲོས་རིམ་གལ་ཆེན་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱས་ནས་ཐུན་མོང་ཐོག་སྤྱི་པའི་འཕྲོད་བསྟེན་དང་། གནམ་གཤིས་འགྱུར་ལྡོག སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་བཅག་སྟེ་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་བརྟན་ལ་ཡུན་རིང་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     མ་ཁེ་ལུང་གིས་ཧྥ་རན་སེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་རིམས་འགོག་ཐད་མཉམ་ལས་ཡག་པོ་དང་མཐུན་སྒྲིལ་དམ་ཟབ་བྱས་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་མུ་མཐུད་དགོངས་དོན་དེ་གཞིར་བཟུང་ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཧྥ་རེན་སེ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཞིབ་བཟོ་བྱས་པའི་རིམས་འགོག་སྨན་ཁབ་དེ་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་ལ་བརྩི་རྒྱུའི་ཁྱབ་བསྒྲགས་གནང་བར་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ནུས་པ་གལ་ཆེན་འདོན་པར་རྒྱབ་སྐྱོར་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རིམས་འགོག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་འདོད་ཡོད། ངས་སྔ་ཙམ་སླར་ཡང་ཀྲུང་གོར་འཚམས་འདྲིར་བསྐྱོད་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད་ལ། རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་སྡེ་ཚན་གྱིས་སྐད་ཆ་ཤོད་རེས་དང་སྤེལ་རེས་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་ཤེས་རྟོགས་བྱེད་ཟབ་ཏུ་བཏང་སྟེ་གཙོ་གནད་མཉམ་ལས་རྣམ་གྲངས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། མིག་སྔའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ནི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་མགྱོགས་སུ་གཏོང་རྒྱུ་དེ་རེད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱས་ཏེ་གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་དགེ་མཚན་ལྡན་པའི་རྒྱུ་རྐྱེན་སྔར་ལས་མང་བ་བསྣན་འདོད་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་དུས་མཚམས་རྗེས་མའི་ཡོ་རོབ་དང་ཀྲུང་གོའི་དབར་གྱི་འགྲོ་འོང་གལ་ཆེན་རབ་དང་རིམ་པར་ཚད་མཐོའི་མཐོང་ཆེན་བྱས་ནས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"