མི་དམངས་དྲ་བ།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་03ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུཌ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་1ཉིན་གློག་འཕྲིན་འབྱོར་གསལ། 2020ལོའི་ཟླ་1ཚེས་1ཉིན་དཔེ་སྐྲུན་བྱས་པའི་འདི་ལོའི《བདེན་འཚོལ》དུས་དེབ་འདོན་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས》ཞེས་པ་བཀོད་ཡོད།
     གསུང་རྩོམ་ནང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དར་རྒྱས་གོང་འཕེལ་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད། མི་དམངས་བདེ་སྐྱིད་ཁམས་བདེ་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བའི་གཏན་འབེབས་ནང་། རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཐད་གང་ཞིག་མཐའ་འཁྱོངས་དང་སྲ་བརྟན་དུ་གཏོང་དགོས་པ་དང་། གང་ཞིག་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་དགོས་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་དེར་ཕྱོགས་ཡོངས་ནས་ལན་བཏབ་ཡོད། འདི་ནི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཡིག་ཆ་ཞིག་ཀྱང་རེད། ཏང་ཡོངས་ཀྱིས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ་དམ་འཛིན་ཡག་པོ་དང་ཏན་ཏིག་བྱེད་དགོས་པའི་ནན་བཤད་བྱས་ཡོད།
     གསུང་རྩོམ་ནང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས། ལམ་ལུགས་ཀྱི་ལེགས་ཆ་ནི་རྒྱལ་ཁབ་ཅིག་གི་ལེགས་ཆ་ཆེ་ཤོས་ཡིན་པ་དང་། ལམ་ལུགས་ཀྱི་འགྲན་རྩོད་ནི་རྒྱལ་ཁབ་དབར་གྱི་ཆེས་རྩ་བའི་འགྲན་རྩོད་ཅིག་རེད། ལམ་ལུགས་བརྟན་པོ་བྱུང་ན་གཞི་ནས་རྒྱལ་ཁབ་བརྟན་ལྷིང་ཡོང་ཐུབ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ལ་ལོ་རྒྱུས་ཀྱི་ནང་དོན་གཏིང་ཟབ་མོ་དང་། ཕྱོགས་ཁག་གི་མངོན་གསལ་དོད་པའི་ལེགས་ཆ། ཕུན་སུམ་ཚོགས་པའི་ལག་ལེན་གྱི་གྲུབ་འབྲས་བཅས་ལྡན་ཡོད། ཏང་ཡོངས་ཀྱི་བློ་མཐུན་དང་ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་དུས་གང་རུང་དང་གནས་ཚུལ་གང་རུང་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་ནས“དཀའ་ངལ་སྟོང་ཕྲག་འཕྲད་ཀྱང་བློ་རྩ་བརྟན། ཤར་ལྷོ་ནུབ་བྱང་རླུང་ལ་འཛེམས་དོན་ཅི”དངོས་འབྲེལ་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད།
    གསུང་རྩོམ་ནང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པར་དོན་དག་ཁག་གསུམ་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཅིག གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་སྲ་བརྟན་དུ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ནན་ཞིང་འཐུས་སྒོ་ཚང་བའི་ཚན་རིག་དང་མཐུན་པའི་ལམ་ལུགས་མ་ལག་ཅིག་ཡིན་ཞིང་། གདུང་བཞི་ཀ་བརྒྱད་ཀྱི་ནུས་པ་ཐོན་པ་ནི་རྩ་བའི་ལམ་ལུགས་དང་། གཞི་རྩའི་ལམ་ལུགས། གལ་ཆེའི་ལམ་ལུགས་བཅས་རེད། དེའི་ནང་གཅིག་འདོམས་ཀྱི་གནས་བབ་ལྡན་པ་ནི་ཏང་གི་འགོ་ཁྲིད་ལམ་ལུགས་རེད། ཏང་གི་འགོ་ཁྲིད་ལམ་ལུགས་ནི་རང་རྒྱལ་གྱི་རྩ་བའི་འགོ་ཁྲིད་ལམ་ལུགས་ཤིག་རེད། ང་ཚོས་ཕྱོགས་གང་ཅིའི་ཐད་ཀྱི་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། ཕྱོགས་ཁག་གི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་བཅས་བྱེད་པ་ཚང་མའི་ཐད་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཏང་གིས་སྤྱི་ཡོངས་ལ་གཅིག་འཛིན་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་རྩ་བའི་བླང་བྱ་རང་རྟོགས་ངང་ལག་ལེན་བསྟར་དགོས། གཉིས། དུས་བསྟུན་འཕེལ་རྒྱས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་དགོས། ལམ་ལུགས་དེ་བས་འཐུས་ཚང་དང་གཏན་འཁེལ་ཐུབ་པ་བྱེད་པ་ནི་འགུལ་རྣམ་གྱི་བརྒྱུད་རིམ་ཞིག་ཡིན་ལ། བཅོས་སྐྱོང་ནུས་པ་དེང་རབས་ཅན་ཡང་འགུལ་རྣམ་གྱི་བརྒྱུད་རིམ་ཞིག་ཡིན་སྟབས། བྱེད་ཐེངས་གཅིག་ལ་སྒྲུབ་ཐུབ་པ་ཞིག་མིན་ལ་དཀའ་བ་སྤྱོད་ཐེངས་གཅིག་ལ་གཏན་བདེ་ཐོབ་མི་སྲིད། དེར་བརྟེན། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་འདེགས་སྐྱོར་བྱེད་པའི་རྩ་བའི་ལམ་ལུགས་དང་། གཞི་རྩའི་ལམ་ལུགས། གལ་ཆེའི་ལམ་ལུགས་བཅས་མངོན་གསལ་དོད་པོའི་ངང་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་འབད་བརྩོན་ཆེན་པོས་རྨང་གཞི་བརྟན་དུ་གཏོང་བ་དང་། ལེགས་ཆ་དར་སྤེལ་གཏོང་བ། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་གོ་རིམ་ཆ་ཚང་བ་དང་། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་ལམ་ལུགས་ཀྱི་མ་ལག་བསྐྲུན་དགོས། གསུམ། ལམ་ལུགས་ལ་བརྩི་སྲུང་དང་ལག་བསྟར་ནན་པོ་བྱེད་དགོས། ལམ་ལུགས་ཀྱི་སྐྱེས་སྟོབས་ནི་ལག་བསྟར་བྱ་རྒྱུར་ཐུག་ཡོད་པས། ངེས་པར་དུ་ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལམ་ལུགས་ལག་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ལམ་ལུགས་ལ་རྟག་ཏུ་དབང་གྲགས་ལྡན་པ་དང་གང་སར་ཕན་ནུས་ཐོན་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

  
style="display:none;"