མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་ཤར་བགྲོད་ལས་གཉེར་ཐུབ་པར་མཛུབ་སྟོན་གལ་ཆེན་
གནང་ནས། ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་བསྐྲུན་ཟིན་ནས་ཤར་བགྲོད་ཐུབ་པར་དོན་སྙིང་གལ་ཆེན་
ལྡན་ཡོད་པས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཁག་ཚང་མ་ཚད་གཞི་མཐོ་བ་
དང་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་02ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་30ཉིན་གློག་འཕྲིན་འབྱོར་གསལ། པེ་ཅིང་ནས་ཀྲང་ཅ་ཁའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཟླ་12ཚེས་30ཉིན་ཤར་བགྲོད་ལས་གཉེར་ཐུབ་པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་1909ལོར་ཅིང་ཀྲང་ལྕགས་ལམ་བསྐྲུན་ཟིན་པ་དང་། 2019ལོར་ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་ཤར་བགྲོད་ཐུབ་ཡོད། རང་བརྟེན་ཇུས་འགོད་ཀྱི་བཟོ་སྐྲུན་འཛམ་གླིང་གི་ཆེས་སྔོན་ཐོན་ཆུ་ཚད་ལ་སླེབས་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་35ནས་སྤྱི་ལེ་350བར་ཟིན་པའི་ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་ལས་ཀྲུང་གོའི་ལྕགས་ལམ་འཕེལ་རྒྱས་ཀྱི་དཔང་པོ་བྱས་པ་མ་ཟད། ཀྲུང་གོའི་ཕྱོགས་བསྡུས་རྒྱལ་སྟོབས་བྱ་འཕུར་བ་ལྟར་གོང་འཕེལ་བྱུང་བའི་དཔང་པོའང་བྱས་ཡོད། ལོ་བརྒྱའི་ལོ་རྒྱུས་ལ་ཕྱིར་ལྟ་བྱེད་སྐབས་ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་བས་འདིར་འཆར་འགོད་འཛུགས་སྐྲུན་ནང་ཞུགས་མཁན་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་དང་ལོ་གསར་པའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་ནི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལེ་ལག་ཚང་བའི་འདུ་འགོད་གལ་ཆེན་ཞིག་ཡིན་པས་དེ་ཤར་བགྲོད་ལས་གཉེར་ཐུབ་པ་དེ་ཐོག་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལེ་ལག་ཚང་བའི་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་བྱུང་བ་མ་ཟད། གྲ་སྒྲིག་ལས་དོན་གཞན་དག་ཁག་ཚང་མར་ཡང་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་མ་བཏང་སྟེ་དགུན་དུས་ཨོ་རྩལ་འགྲན་ཚོགས་དུས་བཀག་ལྟར་བདེ་བླག་ངང་གཉེར་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་ནི་རྒྱལ་ཁབ་ཀྱི《དུས་ཡུན་རིང་འབྲིང་ལྕགས་ལམ་དྲ་བའི་འཆར་འགོད》ནང་གི“འཕྲེད་བརྒྱད་གཞུང་བརྒྱད”ཅིང་ལན་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་ཀྱི་འདུ་འགོད་གལ་ཆེན་ཞིག་ཀྱང་ཡིན་པས་2015ལོའི་ཟླ་12པར་སྐྲུན་འགོ་ཚུགས་ཡོད། ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་དེ་རང་རྒྱལ་གྱི་རང་རྟེན་ཇུས་འགོད་བཟོ་སྐྲུན་བྱས་པ་ཞིག་ཡིན་པས་འཛམ་གླིང་ཐོག་གི་ཆེས་སྔོན་ཐོན་གྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཟིན་པའི་རིག་ནུས་ལྡན་པའི་མྱུར་བགྲོད་ལྕགས་ལམ་ཞིག་རེད། འདི་ཉིད་ཤར་གཏོང་ཐུབ་རྗེས་པེ་ཅིང་ནས་ཀྲང་ཅ་ཁའུ་ཐའེ་ཙི་ཁྲེང་བར་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ར་གཙོ་བོར་ཆུ་ཚོད་གཅིག་ནང་འབྱོར་གྱི་ཡོད། སྦྲེལ་མཐུད་ཤར་གཏོང་ཐུབ་པའི་ཀྲང་ཅ་ཁའུ་ནས་ཧུའུ་ཧོ་ཧའོ་ཐེ་བར་དང་། ཀྲང་ཅ་ཁའུ་ནས་ཏ་ཐུང་བར་གྱི་མྱུར་བགྲོད་ལྕགས་ལམ་ཕན་ཚུན་སྦྲེལ་མཐུད་ཐུབ་པས་པེ་ཅིང་ནས་ཧུའུ་ཧོ་ཧའོ་ཐེ་བར་ཆུ་ཚོད་གཉིས་དང་སྐར་མ་ཉི་ཤུ་ཙམ་ནང་འབྱོར་བ་མ་ཟད། པེ་ཅིང་ནས་ཏ་ཐུང་བར་ཆུ་ཚོད་གཅིག་དང་སྐར་མ་40ཙམ་ནང་འབྱོར་གྱི་ཡོད་པ་རེད།

  
style="display:none;"