མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་གཅིག་གྱུར་ཨུ་རུ་སུའི་ཏང་གི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་27ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་11ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཏང་གི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀེ་ལུའེ་ཙི་ལུའོ་ཧྥུའུ་ཡིས་རུ་སྣེ་ཁྲིད་པའི་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུའི་ཏང་གི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ།

ཟླ་11ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཏང་གི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀེ་ལུའེ་ཙི་ལུའོ་ཧྥུའུ་ཡིས་རུ་སྣེ་ཁྲིད་པའི་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུའི་ཏང་གི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་25ཉིན་མི་དམངས་ཚོགས་ཁང་ཆེ་མོར་ཏང་གི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀེ་ལུའེ་ཙི་ལུའོ་ཧྥུའུ་ཡིས་རུ་སྣེ་ཁྲིད་པའི་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུའི་ཏང་གི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ་རེད། 
     ཞི་ཅིན་ཕིང་གིས་གཅིག་གྱུར་ཨུ་རུ་སུའི་ཏང་གིས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པར་རྟེན་འབྲེལ་ཞུས་གནང་བ་དང་། ཀེ་ལུའེ་ཙི་ལུའོ་ཧྥུའུ་ཡིས་རུ་སྣེ་ཁྲིད་དེ་ཀྲུང་གོར་ཀྲུང་ཨུའི་སྲིད་འཛིན་ཏང་གི་གླེང་མོལ་ལམ་སྲོལ་གྱི་ཚོགས་འདུ་ཐེངས་བདུན་པར་ཕེབས་པར་དགའ་བསུ་ཞུས་གནང་བ་རེད། ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་ཨུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཡིན་ཞིང་། ང་དང་ཙུང་ཐུང་ཕུའུ་ཅིང་གིས་མཉམ་དུ་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཕན་ཚུན་ལྟ་སྐྱོང་དང་། མཉམ་འདྲེས་གཏིང་ཟབ། གསར་འབྱེད་གསར་གཏོད། ཀུན་ཕན་གཉིས་ཁེ་བཅས་ཀྱི་དམིགས་ཚད་དང་ཁ་ཕྱོགས་སུ་བསྐྱོད་རྒྱུར་མཉམ་དུ་སྣེ་ཁྲིད་བྱེད་ཀྱི་ཡོད། མིག་སྔར་ཀྲུང་ཨུ་ཕྱོགས་གཉིས་པོའི་དབར་འཐབ་ཇུས་ཀྱི་འདེགས་སྐྱོར་ནུས་ལྡན་ཞིག་ཆགས་ཏེ་འཛམ་གླིང་ཞི་བདེར་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད། 
     ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་དང་གཅིག་གྱུར་ཨུ་རུ་སུའི་ཏང་གཉིས་པོ་སོ་སོའི་རྒྱལ་ཁབ་ཀྱི་སྲིད་འཛིན་ཏང་ཡིན་པའི་ཆ་ནས་དུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བར་གོང་འཕེལ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་འགན་འཁྲི་དང་ལས་འགན་འཁུར་གྱི་ཡོད། ཕྱོགས་གཉིས་པོའི་ཚོགས་ཞུགས་འཐུས་མིས་སྤེལ་རེས་འབྲེལ་གཏུག་གང་ལེགས་བྱས་ཏེ་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཟབ་གཏོང་དང་འཛམ་གླིང་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 
     ཀེ་ལུའེ་ཙི་ལུའོ་ཧྥུའུ་ཡིས་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་མ་ཟད་ཞི་ཅིན་ཕིང་གིས་གཅིག་གྱུར་ཨུ་རུ་སུའི་ཏང་གི་འཐུས་མི་ཚོགས་པར་མཇལ་འཕྲད་གནང་བར་ཐུགས་རྗེ་ཆེའང་ཞུས་ཤིང་། ཁོང་གིས། ཉེ་བའི་ལོ་ཤས་རིང་ཨུ་ཀྲུང་འབྲེལ་བ་སྔར་བྱུང་མྱོང་མེད་པའི་ཆུ་ཚད་མཐོ་པོ་ཞིག་ཏུ་སླེབས་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ཡར་ངོའི་ཟླ་ལྟར་འཕེལ་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་མདོ་གནད་ཐག་གཅོད་བྱེད་པའི་ཐད་མཉམ་དུ་འབད་བརྩོན་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད། གཅིག་གྱུར་ཨུ་རུ་སུའི་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཨུ་ཀྲུང་གི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད། 

  
style="display:none;"