མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་དྲུག་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་21ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་དྲུག་པ་ཟླ་10ཚེས་20ཉིན་ཀྲེ་ཅང་ཝུའུ་ཀྲེན་དུ་འགོ་ཚུགས་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད། 
     ཞི་ཅིན་ཕིང་གིས་ད་ལོ་ནི་དྲ་སྦྲེལ་བྱུང་ནས་ལོ་50འཁོར་བའི་ལོ་ཡིན། མིག་སྔར་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། མི་བཟོའི་རིག་ནུས་དང་གཞི་གྲངས་ཆེན་མོ། ཟོག་སྦྲེལ་དྲ་རྒྱ་སོགས་ལག་རྩལ་གསར་པ་དང་ཉེར་སྤྱོད་གསར་པ། ལས་རྣམ་གསར་པ་བཅས་འཕེལ་རྒྱས་འགྲོ་བཞིན་ཡོད་པས། དྲ་སྦྲེལ་གྱིས་འཕེལ་རྒྱས་ཀྱི་སྒུལ་ནུས་སྔར་ལས་ཤུགས་ཆེ་བ་དང་འཕེལ་རྒྱས་ཀྱི་བར་སྟོང་སྔར་ལས་རྒྱ་ཆེ་བ་ཞིག་བསུས་ཡོང་བ་རེད། དྲ་སྦྲེལ་འཕེལ་རྒྱས་ཡག་པོ་དང་བེད་སྤྱོད་ཡག་པོ། བཅོས་སྐྱོང་ཡག་པོ་བཅས་བྱས་ནས་དྲ་སྦྲེལ་གྱིས་མིའི་རིགས་ལ་སྔར་བས་བདེ་སྐྱིད་བསྐྲུན་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་རེད། རྒྱལ་ཁབ་ཁག་གིས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་འཕེལ་རྒྱས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་། ཉེན་ཁ་དང་འགྲན་སློང་མཉམ་དུ་བསུ་བ། དྲ་རྒྱའི་བར་སྟོང་གོ་ལ་ཧྲིལ་པོས་བཅོས་སྐྱོང་བྱེད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ནས་དྲ་རྒྱའི་བར་སྟོང་གི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་ཡོད།

  
style="display:none;"