མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ཨ་ཀྲུང་ཚོང་དོན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཚོགས་པར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 12:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་10ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨ་ཀྲུང་ཚོང་དོན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀེ་ལིན་པོ་ཀེས་སྣེ་ཁྲིད་པའི་ཀྲུང་གོར་འཚམས་འདྲི་བྱེད་པར་ཕེབས་པའི་འཐུས་མི་ཚོགས་པར་མཇལ་འཕྲད་གནང་བ་དང་འབྲེལ་ཁོང་ཚོ་དང་བཞུགས་མོལ་སྤེལ་རེས་ཀྱང་གནང་བ་རེད།

ཟླ་10ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨ་ཀྲུང་ཚོང་དོན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀེ་ལིན་པོ་ཀེས་སྣེ་ཁྲིད་པའི་ཀྲུང་གོར་འཚམས་འདྲི་བྱེད་པར་ཕེབས་པའི་འཐུས་མི་ཚོགས་པར་མཇལ་འཕྲད་གནང་བ་དང་འབྲེལ་ཁོང་ཚོ་དང་བཞུགས་མོལ་སྤེལ་རེས་ཀྱང་གནང་བ་རེད།

     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨ་ཀྲུང་ཚོང་དོན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀེ་ལིན་པོ་ཀེས་སྣེ་ཁྲིད་པའི་ཀྲུང་གོར་འཚམས་འདྲི་བྱེད་པར་ཕེབས་པའི་འཐུས་མི་ཚོགས་པར་མཇལ་འཕྲད་གནང་བ་དང་འབྲེལ་ཁོང་ཚོ་དང་བཞུགས་མོལ་སྤེལ་རེས་ཀྱང་གནང་བ་རེད།
     ལི་ཁེ་ཆང་གིས་ཨ་ཀྲུང་ཚོང་དོན་ཨུ་ལྷན་ཚོགས་པ་བཙུགས་པ་དེ་ཀྲུང་ཨ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་པ་ལས་ཀྱང་སྔ་ལ། ལོ་40ལྷག་ཙམ་རིང་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་དང་ཕྱོགས་གཉིས་པོའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། ཀྲུང་གོ་དང་ཨ་རི་ནི་སོ་སོར་འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ངོས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་ནི་ཕྱོགས་གཉིས་པོ་དང་འཛམ་གླིང་ཡོངས་ལའང་ཕན་ཐོགས་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གཞིར་བཟུང་། མཐུན་སྦྱོར་དང་། མཉམ་ལས། བརྟན་ལྷིང་བཅས་ཀྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་ཐོག་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། ཕུགས་ལ་དམིགས་པ་དང་ཏན་ཏན་ཏིག་ཏིག་ངང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་ཡང་དག་པའི་བགྲོད་ལམ་ཐོག་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཨ་ཀྲུང་ཚོང་དོན་ཨུ་ཡོན་ལྷན་ཁང་ཚུད་པའི་ཨ་རིའི་བཟོ་ཚོང་ལས་རིགས་ཀྱི་མི་སྣ་རྣམས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བ་དང་། མི་དམངས་ཀྱི་ཁྲོད་ཕན་ཚུན་ཤེས་རྟོགས་དང་རྒྱུས་ལོན་བྱེད་པར་སྐུལ་འདེད་གཏོང་ཆེད་ནུས་པ་བཟང་བོ་འདོན་པའི་རེ་བ་ཡོད་ཅེས་གསུངས། 
     ལི་ཁི་ཆང་གིས། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་ཇེ་ཆེར་འབྱེད་པ་ལས་རྒྱག་མི་སྲིད། ང་ཚོས་ཕྱོགས་ཡོངས་ནས་བཟོ་སྐྲུན་ལས་རིགས་ཀྱི་སྒོ་མོ་ཕྱེ་ཚར་ལ། ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་པར་ཡང་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བཞིན་ཡོད། ང་ཚོས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ཚད་གཞིར་བྱས་ནས་ཧེ་བག་འཚོལ་བ་དང་། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་མ་དངུལ་བཞག་པའི་ཁེ་ལས་སོགས་ཁྲོམ་རའི་བྱེད་པོ་སྣ་ཚོགས་ལ་ལྟ་སྟངས་གཅིག་པ་བཟུང་ནས། བདག་དབང་དང་ཤེས་བྱའི་བདག་དབང་སྔར་བས་སྲུང་སྐྱོང་ནན་པོ་བྱ་རྒྱུ་ཡིན། ཀྲུང་གོ་ནི་མི་འབོར་དུང་ཕྱུར་14ཙམ་ཡོད་པའི་ཁྲོམ་ར་ཆེན་པོ་ཞིག་ཡིན་པས། འཛད་སྤྱོད་ད་དུང་རྒྱུན་མཐུད་ངང་རིམ་པ་འཕར་བཞིན་ཡོད་པ་དང་། ཚོང་དོན་གྱི་གོ་སྐབས་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་གོ་སྐབས་ཀྱང་ཡིན། ཨ་རི་ཚུད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོར་མ་འཇོག་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་གཉིས་ཁེ་གཉིས་ཕན་དེ་བས་ལེགས་པོ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས། 
     ཨ་རི་ཕྱོགས་ཀྱི་འཐུས་མིས་ཨ་ཀྲུང་མཉམ་ལས་ནི་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད། ཨ་རིའི་བཟོ་ཚོང་ལས་རིགས་ཀྱིས་ཀྲུང་གོ་དང་ཐུག་འཕྲད་རྒྱུན་འཁྱོངས་བྱེད་པའི་རེ་བ་ཡོད་ལ། ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་ཐག་གཅོད་པའི་རེ་བ་བྱེད་ཀྱི་མེད་པ་དང་། ཚོང་དོན་གྱི་དམག་འཐབ་དང་སྒོ་ཁྲལ་འཕར་མ་བསྡུ་བའི་རེ་བ་ཡང་བྱེད་ཀྱི་མེད། ཕྱོགས་གཉིས་པོས་གོ་སྐབས་དམ་འཛིན་བྱས་ནས་གྲོས་མོལ་དང་གྲོས་བསྡུར་བྱས་པ་བརྒྱུད་དོན་སྙིང་ལྡན་པའི་གྲོས་མཐུན་བཞག་སྟེ་ཕྱོགས་གཉིས་པོའི་ཁེ་ལས་ཀྱིས་དྲང་གཞག་དང་གཏན་འཁེལ་བྱས་པའི་ཁོར་ཡུག་འོག་འགྲན་རྩོད་བཟང་པོ་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད། 
     ཧོ་ལི་ཧྥེང་མཇལ་འཕྲད་ནང་ཞུགས་ཡོད་པ་རེད། 

  
style="display:none;"