མི་དམངས་དྲ་བ།

༄༅༎འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་འགོ་ཚུགས་མཛད་སྒོ་ཚེས་18ཉིན་གྱི་
དགོང་མོ་ཝུའུ་ཧན་དུ་འཚོག་རྒྱུ་ཡིན་ལ། ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་ལུས་རྩལ་
འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 12:26】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་འགོ་ཚུགས་མཛད་སྒོ་ཟླ་10ཚེས་18ཉིན་གྱི་དགོང་མོའི་ཆུ་ཚོད་20ཐོག་ཝུའུ་ཧན་ལུས་རྩལ་ལྟེ་གནས་སུ་འཚོག་རྒྱུ་ཡིན་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་རྒྱུ་རེད། 
     སྐབས་དེ་དུས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཤིན་ཧྭ་དྲ་བས་ཡུལ་དངོས་སུ་ཐད་གཏོང་བྱ་རྒྱུ་དང་མི་དམངས་དྲ་བ་དང་། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀྲུང་གོའི་དྲ་བ། ཀྲུང་གོ་དམག་དོན་དྲ་བ་སོགས་ཀྲུང་དབྱང་གི་གསར་འགྱུར་དྲ་ཚིགས་གཙོ་གནད་དང་མི་དམངས་ཉིན་རེའི་ཚགས་པར་གྱི་མགྲོན་སྣེ་དང་། ཤིན་ཧྭ་གསར་འགྱུར་ཁང་གི་མགྲོན་སྣེ། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་གྱི་མགྲོན་སྣེ་སོགས་སྨྱན་སྦྱོར་གསར་པའི་ལས་སྟེགས་ཀྱིས་དུས་མཉམ་དུ་བརྒྱུད་གཏོང་བྱ་རྒྱུ་རེད།

  
style="display:none;"