འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ད་ལོར་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་ལ་སྒོར་དུང་ཕྱུར་405ཡི་མ་རྩ་བཞག་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་23ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་22ཉིན། གསར་འགོད་པས་རྒྱལ་ཁབ་ནུས་ཁུངས་ཅུས་ནས་ཤེས་རྟོགས་བྱུང་གསལ། རྒྱལ་ཁབ་ནུས་ཁུངས་ཅུས་ཀྱིས་ཉེ་ཆར་བོད་ལྗོངས་དང་ཤིན་ཅང་། ནན་ཅང་། སི་ཁྲོན་(སི་ཁྲོན། ཡུན་ནན། མཚོ་སྔོན།)བོད་ཁུལ། དེ་བཞིན་དུ་སི་ཁྲོན་ལིའང་ཧྲན། ཡུན་ནན་རྒྱལ་མོ་རྔུལ་ཆུ། ཀན་སུའུ་ལིང་ཞ(གཤམ་དུ་བསྡུས་མིང་ལ་ཁུལ་གསུམ་དང་ཀྲོའུ་གསུམ་འབོད་རྒྱུ་ཡིན)གྲོང་གསེབ་ཀྱི་གློག་དྲ་བསྒྱུར་བཀོད་རིམ་སྤར་འགག་སྒྲོལ་ལོ་གསུམ་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་བཟོ་འགོད་ཀྱི་ལས་ཀ་དངོས་སུ་འགོ་ཚུགས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱིས་སྲིད་ཇུས་དང་མ་དངུལ་ཐོག་ནས"ཁུལ་གསུམ་དང་ཀྲོའུ་གསུམ་"ལ་ཕྱོགས་ནས་རྒྱབ་སྐྱོར་བྱེད་ཡོད་ཅིང་། 2018ལོར་ཁག་གཉིས་སུ་བགོ་ནས་མ་དངུལ་སྒོར་དུང་ཕྱུར་405དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་26(ཁུལ་དང་གྲོང་ཁྱེར)གྱི་གྲོང་གསེབ་ཏུ་ཁག་གསར་པའི་གློག་དྲ་སྒྱར་བཀོད་རིམ་སྤར་ལ་བེད་སྤྱད་བཀོད་སྒྲིག་བྱེད་ཡོད་པ་དང་། དེའི་ཁྲོད་དུ་ཀྲུང་དབྱང་གིས་སྔོན་བརྩིས་མ་དངུལ་སྒོར་དུང་ཕྱུར་120ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།