འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་བསྒྲགས་བརྙན་འཕྲིན་སྡེ་ཁག་གིས་དྲ་རྒྱ་ཐོག་ནས་
    རང་མོས་ངང་གྲགས་ཅན་གྱི་རིག་རྩལ་བརྩམས་ཆོས་སྒྲིག་བཟོ་བྱ་མི་རུང་ཞེས་བཤད། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་23ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་22ཉིན། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་གིས་བརྡ་ཐོ་བཏང་ནས། གོམ་གང་མདུན་སྤོས་ངང་དྲ་རྒྱའི་བརྙན་ལམ་ལེ་ཚན་བརྒྱུད་སྤེལ་སྒྲིག་ལམ་ཚད་ལྡན་དུ་བཏང་ཡོད་པ་རེད། བརྡ་ཐོའི་བླང་བྱར་ལྟར་ན། ལེ་ཚན་ཚང་མ་དྲ་རྒྱ་ཐོག་ནས་རང་མོས་ངང་སྒྲིག་བཟོ་དང་། འཁྱོག་ནས་དྲིལ་བསྒྲགས། ངན་སྤེལ། གྲགས་ཅན་གྱི་རིག་རྩལ་བརྩམས་ཆོས་ལ་དམའ་འབེབས་སོགས་ཀྱི་ལེ་ཚན་བཟོ་མི་རུང་བ་དང་། རང་མོས་ངང་གྲགས་ཅན་གྱི་རིག་རྩལ་བརྩམས་ཆོས་དང་། རླུང་འཕྲིན་དང་བརྙན་འཕྲིན་གྱི་ལེ་ཚན། དྲ་རྒྱའི་གསར་རྩོམ་ལྟ་ཉན་ལེ་ཚན་ལ་བསྐྱར་དུ་སྒྲིག་བཟོ་དང་། སྒྲ་ཕབ། ཡི་གེ་མཐུན་སྦྱར་བྱེད་མི་རུང་ཞིང་། ལེ་ཚན་ཁ་ཤས་བདམས་ནས་ལེ་ཚན་གསར་པ་བཟོ་སྟེ་སྤེལ་མི་རུང་ལ། སྒྲིག་བཟོ་བྱས་རྗེས་སུ་མ་ཡིག་གི་ནང་དོན་དང་འགལ་བ་འབྱུང་བའི་གཡོ་སྒྱུ་ངང་བཅོས་པའི་བརྩམས་ཆོས་ཀྱི་ལེ་ཚན་བསྒྲགས་མི་རུང་བ་བཅས་བཏོན་ཡོད་པ་རེད། 
         བརྡ་ཐོའི་ནང་དུ་། རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན། དྲ་རྒྱའི་ལྟ་ཉན་ལེ་ཚན་གྱིས་མིང་བཏགས་པ་དང་། རོགས་རམ་དང་ལེན་ལེ་ཚན་ལ། ཐོག་མར་མིང་བཏགས་ཞིབ་བཤེར་དང་རོགས་སྐྱོར་ཕྱོགས་ཀྱི་སྤུས་ཚད་ཞིབ་བཤེར་བྱ་དགོས་ཤིང་། 《ཆ་འཕྲིན་དྲ་རྒྱ་བརྒྱུད་བསྒྲགས་ལྟ་ཉན་ལེ་ཚན་ཆོག་མཆན་དཔང་ཡིག་》མེད་པའི་ཁྲིམས་འགལ་ངང་དྲ་རྒྱ་ལྟ་ཉན་ལེ་ཚན་ཞབས་ཞུའི་ལས་ཁུངས་དང་རྣམ་པ་གང་རུང་གི་མཉམ་ལས་སྤེལ་མི་རུང་བ་སྟེ། དེའི་ནང་དུ་དྲ་རྒྱའི་ཐད་གཏོང་དང་། མིང་བཏགས་པ་། བརྡ་ཁྱབ། ཡང་ན་རོགས་རམ་སོགས་འདུས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།