འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་གྲོང་གསེབ་ཀྱི་གཉེན་སྒྲིག་རྟེན་འབྲེལ་དང་གཤིན་པོ་དུར་སྐྱེལ་སྐོར་ལ"ཚད་
    གཞི་བཟོས་པ།"

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་23ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་《གྲོང་གསེབ་ཀྱི་གཉེན་སྒྲིག་རྟེན་འབྲེལ་དང་གཤིན་པོ་དུར་སྐྱེལ་བྱེད་སྟངས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་》བཀྲམ་ནས་རང་ཉིད་དང་དེ་བཞིན་བུ་ཕྲུག་གཉེན་སྒྲིག་རྟེན་འབྲེལ་བྱེད་པ་དང་། དངོས་རྒྱུད་གཉེན་ཚན་(བཟའ་ཟླ་དང་། ཕ་མ། བུ་ཕྲུག སྤོ་བོ། རྨོ་བོ་སོགས)ལ་འདས་མཆོད་བྱེད་པ་ཕུད། དེ་མིན་ཚང་མར་མགྲོན་འབོད་བྱས་མི་ཆོག སྐྱེས་སྐར་དང་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ་དང་། སློབ་རིམ་འཕར་བ་དང་དམག་དཔུང་ནང་ཞུགས་པ། ལས་ཞུགས་དང་རྒན་ཡོལ་ཞུས་པ། སྡོད་ཁང་གསར་སྐྲུན་དང་སྤོ་བ་སོགས་ལ་ཁྱིམ་དུ་གསོལ་སྟོན་གཤོམ་སྐབས་གཉེན་ཉེ་ཕུད་པའི་མི་སྣ་གཞན་དག་མགྲོན་དུ་འབོད་མི་ཆོག་ལ་དེའི་རྒྱུ་དངོས་སོགས་ལེན་མི་ཆོག་ཅེས་གསལ་སྟོན་བྱས་ཡོད་པ་རེད།
         《བརྡ་ཐོའི་》ནང་གཉེན་སྒྲིག་རྟེན་འབྲེལ་བྱེད་སྲོལ་གསར་པ་གཉེར་བ་དང་། བག་མེད་ལོངས་སྤྱོད་སྤོང་བ། འདས་མཆོད་སྟབས་བདེར་གཏོང་བ། གསོན་དུས་བསྙེན་བཀུར་དང་འདས་མཆོད་སྟབས་བདེ་བཅས་དར་སྤེལ་གཏོང་དགོས། གསོལ་སྟོན་བཤམས་ནས་མགྲོན་པོ་འབོད་པའི་གཞི་ཁྱོན་ཆུང་དུ་བཏང་ནས་གཉེན་སྒྲིག་ཕྱོགས་གཉིས་པོས་མགྲོན་པོ་འབོད་པའི་མི་གྲངས་200(སྒྲོག་ཙེ་20)ནང་ཚུན་དུ་ཚོད་འཛིན་བྱེད་དགོས་པ་དང་། འདས་མཆོད་ཀྱི་གཞི་ཁྱོན་ཡང་ཚད་ལྡན་ངང་ཚོད་འཛིན་ཐུབ་པ་བྱེད་དགོས། བྱ་བ་གཅིག་གཉེར་མཁན་གྱི་མི་ཚང་མས་རང་སོ་སོས་གདན་དྲངས་པ་དང་རིམ་པ་ཕྱེ་ནས་གཉེར་བའི་མི་གྲངས་བསྡོམས་འབོར་གོང་གསལ་གྱི་གདན་དྲངས་པའི་མགྲོན་པོའི་མི་གྲངས་ལས་བརྒལ་མི་ཆོག་པ་དང་། གཉེན་སྒྲིག་རྟེན་འབྲེལ་དང་འདས་མཆོད་ཐེངས་གཅིག་ལས་མི་གཉེར་རྒྱུའི་དར་སྤེལ་གཏོང་དགོས། མགྲོན་པོ་གདན་དྲངས་པའི་མི་གྲངས་12ལས་བརྒལ་མི་ཆོག་པ་དང་། དེའི་ནང་ཤ་ཚལ་གྱིས་ཚལ་བསྡོམས་འབོར་གྱི་ཕྱེད་ཀ་ལས་བརྒལ་མི་ཆོག་ལ་སྒྲོག་ཙེ་རེ་རེའི་གྲོན་དངུལ་སྒོར་200ནང་ཚུན་དུ་ཚོད་འཛིན་བྱེད་དགོས་པ། ཐ་མག་དང་ཨ་རག་གི་འགྲོ་སོང་སྒྲོག་ཙེ་རེ་རེའི་འགྲོ་སོང་གི་30%ལས་བརྒལ་མི་ཆོག་པ་དང་། ས་གནས་དེ་རང་གི་བདེ་འཇགས་སྤུས་ཚད་ཀྱི་འཐུང་ཆུའི་ཚད་གཞི་དང་མཐུན་པའི་རང་ཐོན་ཨ་རག་སྤྱོད་རྒྱུ་དར་སྤེལ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།